ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་གིས་ལྷ་བབས་གནས་ཆེན་དུ་ཆོས་འབྲེལ་ལེགས་པར་གྲུབ་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་བ་ལྷ་ལས་བབས་པའི་གནས་ཆེན་སན་ཀི་སར་རྒྱ་གར་གྱི་མི་མང་གཙོས་དད་ལྡན་ཆོས་ཞུ་བ་ཚོར་དྷར་མ་པཐ་སྟེ། ཆོས་ཀྱི་ཚིགས་སུ་བཅད་པའི་ཆོས་འབྲེལ་ལེགས་པར་གྲུབ་སྟེ། ད་རིང་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པར་ཆིབས་ཞལ་བསྒྱུར་འདུག་པ་དང་། གསུང་ཆོས་གོ་སྒྲིག་གནང་མཁན་དང་ཧིན་དྷིའི་གསུང་སྒྱུར་ཞབས་ཞུ་བ་ཀེ་ལཤ་ ཅན་དྷྲས་གསུངས་དོན་ལ་ ད་ལམ་གྱི་གསུང་ཆོས་ལ་རྒྱ་གར་བ་ཉིས་ཁྲི་ལྔ་སྟོང་ཙམ་འདུ་འཛོམས་བྱུང་པ་རྣམས་ལ་ཆོས་ཀྱི་ཚིགས་སུ་བཅད་པའི་ལེའུ་ ༢༤ ནས་གནད་འགག་རྣམས་ཟུར་འདོན་གནང་ནས་ངོ་སྤྲོད་གནང་ཡོད་པ་དང་། རྒྱ་གར་བ་ཚོར་ཆོས་ལུགས་ནང་ཁུལ་མཐུན་ལམ་བྱེད་དགོས་པ་གལ་ཆེ་བ་དང་ཆོས་ཁས་ལེན་དང་མི་ལེན་ཚང་མས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཉམས་ལེན་བྱེད་དགོས་པ་གལ་ཆེ་བའི་བཀའ་སློབ་གནང་སོང་ཞེས་འགྲེལ་བརྗོད་གནང་གི་འདུག་པ་དང་། ཉིན་གཉིས་པར་ཡུ་པི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨ་ཁི་ལེཤ་ ཡ་དྷེཝ་ས་གནས་སུ་ཆེད་དུ་བཅར་ནས་ཚོུད་གཅིག་ཙམ་གྱི་རིང་༧གོང་ས་མཆོག་མཇལ་ཁ་ཞུས་ནས་ས་གནས་སུ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བཀའ་བསྡུར་གནང་འདུག ནང་པའི་གནས་ཆེན་བརྒྱད་ཀྱི་ནང་ཚན་རྒྱལ་བ་ལྷ་ལས་བབས་པའི་གནས་ཆེན་དུ་ད་ལམ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གནང་བ་དེ་ནི་ཐེངས་གཉིས་པ་ཡིན་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG