ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གི་དཔོན་རིགས་ཚོས་ཨིན་ཇིའི་གཞུང་འབྲེལ་མི་སྣ་ཞིག་དང་མཇལ་འཕྲད་གནང་མེད་པ།


ཨིན་ཇིའི་ཕྱི་འབྲེལ་གནད་དོན་མི་སྣ་ཞིག་ཧོང་ཀོང་ལ་འཚམས་འདྲི་གནང་བར་ཕེབས་པའི་སྐབས་སུ། ཧོང་ཀོང་གི་འགོ་ཁྲིད་མཐོ་ཤོས་གཉིས་ཀས། ཁོང་མཇལ་འཕྲད་མ་གནང་བར། ཨིན་ཇིའི་གཞུང་གིས་མི་འདོད་པ་ཆེན་པོ་བྱེད་བཞིན་ཡོད་ཅིང་། དེ་ཡང་། ཧོང་ཀོང་གི་འབྲེལ་ཡོད་དཔོན་རིགས་ཚོའི་ལྷན་དུ། ཡུལ་དེའི་ཆབ་སྲིད་འགྱུར་བཅོས་དང་འབྲེལ་བའི་གནད་དོན་སྐོར་གྲོས་མོལ་གནང་རྒྱུའི་ཆེད། ཟླ་བ་འདིའི་ཟླ་སྟོད་ལ་ཧོང་ཀོང་དང་། རྒྱ་ནག་གི་གནད་དོན་ཐད་ཀྱི་ཨིན་ཇི་གཞུང་གི་བློན་ཆེན་སྐུ་ཞབས་ཧུ་གོ་མཆོག་ཉིན་གྲངས་གསུམ་གྱི་རིང་ཧོང་ཀོང་ལ་འཚམས་གཟིགས་སུ་ཕེབས་ཡོད་ཀྱང་། སྐབས་དེར་ཧོང་ཀོང་རང་སྐྱོང་ས་ཁུལ་གྱི་སྤྱི་ཁྱབ་འགོ་འཛིན་ལིའུ་ ཆུང་ཧིན་དང་ ཧོང་ཀོང་གི་སྤྱི་ཁྱབ་དྲུང་ཆེ་ལྕམ་ཀེ་རི་ ལམ་གཉིས་ཀྱིས། ཁོང་དང་མཇལ་མོལ་གནང་མེད་པ་དེ་ནི། ཕྱི་འབྲེལ་མི་སྣར་སྣེ་ལེན་ཞུ་ཕྱོགས་ཀྱི་འགྲོ་ལུགས་དང་རྒྱབ་འགལ་དུ་ཕྱིན་ཡོད་པར་སོང་། ཨིན་ཇིའི་ཕྱི་འབྲེལ་དཔོན་རིགས་ཚོས་ཧོང་ཀོང་གཞུང་གི་བྱ་སྤྱོད་ལ་མི་འདོད་པ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG