ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༤/༢༠

ཨོ་སི་ཀྲོལ་ལི་ཡའི་བོད་ཀྱི་དུས་སྟོན་ཐེངས་བདུན་པ་འགོ་ཚུགས་པ།


ཕ་ཡུལ་གླེང་སྟེགས་ནང་དུ་ཨོ་སི་ཀྲོལ་ལི་ཡའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ངོ་སྤྲོད་དང་། བོིད་དོན་ཁྱབ་སྒྲོག་གི་ཆེད་དེ་རིང་ནས་བཟུང་བདུན་ཕྲག་གཅིག་རིང་གི་དུས་སྟོན་ཞིག་འགོ་བརྩམས་ཡོད་པའི་ཐད་དུས་སྟོན་གོ་སྒྲིག་པ་བསྟན་འཛིན་ཆོས་རྒྱལ་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

ཕྱི་ཟླ་དང་པོའི་ཚེས་༡༩་སྟེ་གཟའ་ཟླ་བའི་ཉིན་ཨོ་སི་ཀྲོལ་ལི་ཡའི་གྲོང་ཁྱེར་བྷི་རེ་སི་པན་ནང་དུ་བོད་ཀྱི་དུས་སྟོན་ཐེངས་བདུན་པ་དེ་དབུ་འབྱེད་གནང་བ་དང་། མཛད་སྒོའི་སྟེང་དུ་ཐོག་མར་བོད་ཀྱི་རི་མོ་འགྲེམ་སྟོན་དང་། འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་གཞས་གཏོང་མཁན་དང་། ཨོ་སི་ཀྲོལ་ལི་ཡའི་ནང་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་གཞས་པ་དང་དུས་སྟོན་འདི་གོ་སྒྲིག་པ་བསྟན་འཛིན་ཆོས་རྒྱལ་ལགས་བཅས་ཀྱིས་གླུ་གཞས་ཀྱི་དགོང་ཚོགས་ཤིག་གི་སྟེང་འཁྲབ་སྟོན་གནང་ཡོད།།

བོད་ཀྱི་དུས་སྟོན་འདིའི་སྟེང་བཀའ་ཟུར་རྗེ་བཙུན་པདྨ་ལགས་གདན་འདྲེན་ཞུས་ནས་གཟའ་ཕུར་བུའི་ཉིན་གྱི་ལས་རིམ་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG