ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གཞུང་གིས་ཐེ་ཝན་ལ་འཛིན་པའི་ཕན་ཐོགས་མེད་པའི་སྲིད་བྱུས་རྙིང་པ།


ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོིའི་མངའ་ཁུལ་གྱི་གསར་འགྱུར་འགོད་སྤེལ་བྱེད་པའི་དུས་དེབ། ཌིབ་ལཱོ་མེཏྲ་ཡིས་གཟའ་ཉི་མའི་ཉིན་ཆེད་བརྗོད་ཅིག་བཀོད་པའི་ནང་། འདས་པའི་ཕྱི་ལོ་ཉིས་སྟོང་བཅུ་བཞི་ལོར། ཐེ་ཝན་གྱི་ནང་། ས་གནས་ཀྱི་འགོ་ཁྲིད་འོས་འདེམས་བྱེད་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་ཚར་མ་ཚར་ཞིག་ལ། འོས་འདེམས་ཀྱི་ནང་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པར་བསམ་ཡུལ་ལས་འདས་པའི་རྒྱལ་ཁ་ཆེན་པོ་ཐོབ་སྟེ། རྒྱ་ནག་དང་ཉེ་འབྲེལ་ཆེ་བ་གོ་མིང་ཏང་ཚོགས་པར་ཕམ་ཉེས་བྱུང་བར་བརྟེན། ད་ཆ་ཐེ་ཝན་དང་རྒྱ་ནག་གཉིས་འཁོན་འཛིན་ཆེ་བའི་གནས་སྟངས་ཤིག་ལ་བསྐྱར་དུ་ཕྱིར་ལོག་བྱེད་ཀྱི་རེད་ཅེས། ཨ་མི་རི་ཀའི་གསར་འགྱུར་ཁག་གི་ནང་གནས་ཚུལ་སྤེལ་ཡོད་པ་དང་། གནས་ཚུལ་འདི་ཚོར་བལྟས་པ་ཡིན་ན། རྒྱ་ནག་ནི། དམངས་གཙོ་ཡར་ཐོན་ཚོགས་པས་འཁྲུག་རྐྱེན་བསླངས་ཏེ། གནོད་སྐྱོན་ཕོག་མཁན་ནུས་མེད་ཉེས་མེད་ཅིག་ཡིན་པ་ལྟ་བུའི་རྣམ་པ་སྟོན་གྱི་ཡོད། འོན་ཀྱང་། འདི་ནི་ དྲང་བདེན་ཞིག་གཏན་ནས་མིན་པ་མ་ཟད། རྒྱ་ནག་གཞུང་དང་ གཞུང་དེའི་མཐུན་ཕྱོགས་ཐེ་ཝན་གྱི་གཞུང་འཛིན་གོ་མིང་ཏང་ཚོགས་པས། དམངས་གཙོ་ཡར་ཐོན་ཚོགས་པ་གནོན་སྡོམ་བྱ་རྒྱུའི་རེ་འདུན་དང་། དམིགས་ཡུལ་འཛིན་གྱི་ཡོད་པ་དེ་གྲུབ་རྒྱུར་རོགས་འདེགས་བྱེད་པ་མ་གཏོགས། དེ་མིན་གྱི་ཕན་ཐོགས་གཞན་གང་ཡང་མེད་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག

XS
SM
MD
LG