ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གི་ལྐོག་ཟ་རུལ་སུངས་ལ་རྟོག་ཞིབ་ལས་ཁང་གིས་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ཁབ་བདེ་འཇག་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་གཞོན་པ་མཱ་ཅན་གྱིས་ཏང་གི་སྒྲིག་ཁྲིམས་ལ་འགལ་འཛོལ་ཚབས་ཆེན་བྱུང་བའི་རྐྱེན་གྱིས་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་གསལ་བསྒྲགས་བྱས་ཡོད་ཅིང་། འདི་ནི་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་བཞིན་པའི་ཆ་ཤས་ཤིག་ཡིན་པ་མ་ཟད། ཞིབ་བཤེར་གྱི་མིང་ཐོག་ཏུ་རྒྱ་ནག་གཞུང་གིས་རྒྱུན་དུ་གོ་གནས་འཛིན་པའི་མཐོ་རིམ་སྣ་ཚོ་འཛིན་བཟུང་བྱས་པའང་མཚོན་གྱི་ཡོད་པ་རེད།

XS
SM
MD
LG