ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༡/༡༦

རྒྱ་ནག་གི་འགོ་ཁྲིད་གསར་པའི་ལྟ་སྐྱོང་གི་འོག་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་གཏོང་བཞིན་ཡོད་པ།


དམངས་གཙོ་དང་། ཆབ་སྲིད་ཀྱི་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་ གནས་སྟངས་བཅས་ཀྱི་ཐད་ཞིབ་འཇུག་བྱེད་མཁན་ རང་དབང་ཁང་པ་ཞེས་ པའི་ཨ་མེ་རི་ཀའི་ནང་རྟེན་གཞི་བྱས་པའི་དམངས་གཙོའི་ལམ་ལུགས་གོང་ མཐོར་གཏོང་ཐབས་བྱེད་མཁན་གལ་ཆེའི་སྒྲིག་འཛུགས་འདིས། རྒྱ་ནག་གི་ གནད་དོན་དང་འབྲེལ་བའི་སྙན་ཐོ་གསར་པ་ཞིག་འདོན་སྤེལ་བྱས་པའི་ནང་ རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་རྒྱ་ནག་གི་འགོ་ཁྲིད་གསར་པའི་འགན་ འཁུར་བླངས་པ་ནས་བཟུང་། བོད་ནང་གི་གནས་སྟངས་དང་། དེ་མིན་གྱི་རྒྱ་ནག་ གི་ས་ཁུལ་གཞན་པའི་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དུ་ བཏང་སྟེ་དྲག་རྩུབ་དང་གནོན་བསྡོམས་བྱས་པའི་གནས་ཚུལ་ཇི་མང་དུ་ འཕར་སྐྱེད་འགྲོ་བཞིན་ཡོད་པའི་གནས་ཚུལ་རྣམས་ཡིག་ཐོག་ཏུ་བཀོད་ཡོད་པ་རེད།

XS
SM
MD
LG