ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གི་ཁྲིམས་དཔོན་ཆེན་མོས་ཆབ་སྲིད་ཀྱི་གནོན་ཤུགས་འོག་མེད་པར་རང་དབང་ཡིན་ཅེས་གསུངས་འདུག


ཧོང་ཀོང་གི་ཁྲིམས་དཔོན་མཐོ་ཤོས་ཇོབ་ཕེརེ། མཱ་ཞེས་པས་ཧོང་ཀོང་གི་ཁྲིམས་ཁང་གི་ལས་དོན་མཐའ་དག་ལ་ཆབ་སྲིད་སོགས་ཕྱིའི་གནོན་ཤུགས་དང་། ཐེ་བྱུས་སོགས་ཀྱི་ཤུགས་རྐྱེན་ཏིལ་འབྲུ་ཙམ་ཡང་སྤྲོད་ཐུབ་ཐབས་མེད་པ་ཞིག་རེད་ཅེས་ཕྱི་ལོ་ ༢༠༡༥ ལོའི་ཧོང་ཀོང་གི་ཁྲིམས་ཀྱི་དུས་སྟོན་མཛད་སྒོའི་ཐོག་གསུངས་བཤད་གནང་ཡོད་པ་རེད། ཧོང་ཀོང་གི་ཁྲིམས་ཁང་ཁག་ཧོང་ཀོང་གི་གཞི་རྩའི་ཁྲིམས་ཞིབ་འོག་རང་དབང་ཡིན་པའི་སྲུང་སྐྱོང་ཡོད་པ་རེད། སྔོན་དུ་ཧོང་ཀོང་གི་སྤྱི་ཁྱབ་འདེམས་བསྐོ་བྱེད་ཕྱོགས་ཐད་རྒྱ་ནག་གཞུང་གིས་བསྟན་པའི་འོས་བསྡུའི་ལམ་ལུགས་ལ་ཧོང་ཀོང་གི་མི་མང་པོ་ཞིག་གི་འདོད་བབ་མ་བྱུང་སྟབས་ཁྲོམས་གཞུང་དུ་ངོ་རྒོལ་ཤུགས་ཆེ་བྱས་ཏེ་མཐར་ཉིན་གྲངས་ ༧༩ རྗེས་ཉེན་རྟོག་པས་ཁྲོམ་གཞུང་ནས་ཕྱིར་འབུད་བཏང་ཡོད་པ་དེ་དག་ལ་ཉེས་ཆད་བཏང་རྒྱུར་ཆབ་སྲིད་ཀྱི་འཕོག་ལན་ལེན་རྒྱུའི་ཆེད་དུ་ཁྲིམས་ཁང་བེད་སྤྱོད་བྱས་ན་འགྲིགས་མིན་གསུངས་པ་སོགས་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཕྱོགས་བསྡུས་ཞིག

XS
SM
MD
LG