ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ཤར་ཕྱོགས་གྲོང་ཁྱེར་ཀོལ་ཀ་ཏར་ཆིབས་བསྒྱུར་མཛད་དེ་མ་ཐཱར་ཀྲེ་ར་སའི་བཞུགས་གནས་ལ་ཕེབས་བསྒྱུར་གནང་ནས་དམ་པ་དེའི་པུར་ཁང་དང་བཞུགས་གནས་བཅས་ལ་ཕེབས་ཏེ། ཐུགས་སྨོན་གནང་འདུག་པ་མ་ཟད། དེར་འདུས་དགེ་རྩའི་བསྟི་གནས་དེའི་འགོ་ལས་རྣམས་ལ་གཞན་ཕན་གྱི་བྱ་བ་བཟང་པོ་དེ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པའི་བཀའ་སློབ་གནང་འདུག སྐུའི་གསུང་སྒྱུར་བསྟན་འཛིན་ཚེ་དཔག་ལགས་ཀྱིས་ ད་ལམ་༧གོང་ས་མཆོག་མ་ཐཱར་ ཀྲེ་ར་སའི་བཞུགས་གནས་ལ་ཕེབས་པ་དེ་ནི་༧གོང་ས་མཆོག་གང་ཉིད་ཀྱི་དགོངས་བཞེད་ཡིན་པ་ལས་དགེ་རྩའི་བསྟི་གནས་ཁང་དེས་གདན་ཞུ་སོགས་གནང་བ་ཞིག་མ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པར་གང་ཉིད་ཀྱིས་མ་ཐཱར་ ཀྲེ་ར་སའི་མཛད་པར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གནང་བ་དང་འབྲེལ་དམ་པ་དེའི་པུར་ཁང་དང་བཞུགས་གནས་ལ་ཆིབས་སྒྱུར་མཛད་དེ་དམ་པ་དེའི་མཛད་རྗེས་ལ་རྗེས་དྲན་དང་སྨོན་ལམ་གསོལ་འདེབས་གནང་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུག རེས་གཟའ་མིག་དམར་ཉིན་གྲོང་ཁྱེར་དེའི་མཐོ་སློབ་རྙིང་ཤོས་ཤིག་ལ་མི་མང་ལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་ཡོད་པ་རེད།

XS
SM
MD
LG