ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

སྲིད་འཛིན་མཆོག་རྒྱ་གར་ལ་གཟིགས་སྐོར་དུ་ཕེབས་ཀྱི་ཡོད་པ།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀྱེ་རི་ཡིས་གསུངས་གསལ་ལ། ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷཱ་རག་ཨོ་བྷཱ་མ་མཆོག་ རིང་མིན་ཟླ་བ་འདིའི་ཟླ་འཇུག་ཏུ་རྒྱ་གར་ལ་འཚམས་འདྲི་གཟིཌ་སྐོར་ལ་ཕེབས་པའི་སྐབས་ རྒྱ་གར་དང་ཨ་མི་རི་ཀ་གཉིས་ཀྱིས་བདེ་འཇཌ་སྲུང་སྐྱོབ་དང་། རྡུལ་ཕྲན་གྱི་རིག་གནས་ཞི་བའི་ལས་དོན་གྱི་ཐོག་བེད་སྤྱོད་གཏོང་ཕྱོཌ་ཀྱི་ཐད་རྒྱལ་ཁབ་གཉིས་ཀྱིས་མཉམ་སྦྲེལ་བྱེད་ཤུགས་ཆེ་རུ་གཏོང་ཕྱོཌ་ཇི་དགེའི་ཐད་བཀའ་གྲོས་གནང་འཆར་ཡོད་འདུག་་ཁོང་གིས་མུ་མཐུད་དེ་གསུངས་གསལ་ལ། སྲིད་འཛིན་ཨོ་བྷཱ་མ་དང་རྒྱ་གར་གྱི་སྲིད་བློན་མོ་རྡི་མཆོག་གཉིས་ཀྱིས་འཁོར་ཡུག་གི་སྐོར་ལ་ཡང་བཀའ་མོལ་གནང་སྟེ། རིང་མིན་ལོ་འདིའི་ལོ་འཇུག་ཏུ་ཕ་རཱན་སིའི་རྒྱལ་ས་པེ་རི་སིའི་ནང་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་འགོག་རྒྱུར་རྒྱལ་སྤྱིའི་ཆེས་མཐོའི་ལྷན་འཛོམས་ཤིག་གནང་གི་ཡོད་པ་དེའི་སར་རྒྱ་གར་གྱིས་ཁོར་ཡུག་སྲུང་སྐྱོང་གི་མཐུན་གྲོས་ལ་ཡང་མིང་རྟཌ་འགོད་པའི་རེ་བ་ཡོད་འདུག སྲིད་འཛིན་ཨོ་བྷཱ་མ་མཆོག་རྒྱ་གར་གྱི་ལོ་འདིའི་མང་གཙོའི་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་ཡོད་པ་དང་། ཁོང་གིས་རྒྱལ་ཁབ་ཕན་ཚུན་གྱི་གནད་དོན་གཞན་ཁག་དང་རྒྱལ་སྤྱིའི་གནད་དོན་ཁག་ཅིག་གི་སྐོར་ལ་ཡང་བཀའ་གྲོས་གནང་འཆར་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG