ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་ཀྱི་ཐད་རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གྲོས་མོལ་བྱས་ཡོད་པ།


རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་། འགྲོ་བ་མིའི་ཐོབ་ཐང་གི་ཐད་རྒྱལ་སྤྱིའི་རྣམ་པ་ལྡན་པའི་གྲོས་མོལ་ཚོགས་འདུ་ཚོགས་པའི་སྐབས། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་ཟུང་འབྲེལ་དྲུང་ཆེ་སྐུ་ཞབས་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ཀྱིས་གཙོས་པའི་བོད་ཀྱི་ད་ལྟའི་གནས་སྟངས་ཐད་གཏམ་བཤད་གནང་ཡོད་པ་རེད། དེ་ཡང་།

སྤྱི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་འཚོགས་པའི་ཚོགས་འདུ་དེར་རྒྱ་གར་གྱི་འབྲེལ་ཡོད་མི་སྣ་མང་པོ་ཚོགས་བཞུགས་གནང་ཡོད་སྟབས། སྐུ་ཞབས་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ བོད་དོན་འཐབ་རྩོད་ཀྱི་གནད་དོན་ནི། བོད་མི་གཅིག་པུའི་ཁེ་ཕན་ལ་ཐུག་པ་ཞིག་མ་ཡིན་པར། ཕྱོགས་མང་པོའི་བདེ་དོན་དང་འབྲེལ་བའི་གནད་དོན་ཡིན་ལུགས་ཀྱང་འགྲེལ་བརྗོད་གནང་སྟེ། ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་དོན་ཐག་གཅོད་ཡོང་ཐབས་བྱེད་བཞིན་པ་དེ་ལ། རྒྱ་གར་གྱིས་རྒྱབ་སྐྱོར་གནང་དགོས་པའི་འབོད་བསྐུལ་ཞུས་ཡོད་པའི་སྐོར། འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ། ཚེ་རིང་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།།

XS
SM
MD
LG