ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་སྲིད་བློན་གྱིས་དཔལ་འབྱོར་བཅོས་བསྒྱུར་གནང་རྒྱུར་སྒོ་མོ་ཕྱེ་ཡོད་གསུངས་འདུག


རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷི་མཆོག་གིས་རྒྱ་གར་གྱི་ནང་དཔལ་འབྱོར་ལམ་ལུགས་ལ་བཅོས་བསྒྱུར་དང་ཡར་རྒྱས་གཏོང་རྒྱུར་ལམ་ཁག་ཡོངས་སུ་ཕྱེ་ཡོད་ནའང། རྒྱ་གར་ནི་ཤེས་རིག་དང་ལེགས་བྱང་། མི་རིགས་སྣ་མང་གི་སྤྱི་ཚོགས་ཤིག་ཡིན་པར་བརྟེན་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་ལེགས་བྱང་རྣམས་རྨང་གཞིར་བྱས་ཏེ་བཅོས་བསྒྱུར་གནང་གི་ཡིན་ཞེས་གསུངས་འདུག སྲིད་བློན་མོ་དྷི་མཆོག་གིས་ད་ལམ་གྱི་རྒྱས་འཛོམས་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་འཛམ་གླིང་དངུལ་ཁང་གི་འགན་འཛིན་གྱིས་ཚོང་ལས་རྩག་རྩིག་བྱེད་མཁན་ཚོང་པའི་བར་གྱི་མི་སྣ་འདུ་འཛོམས་ཡོད་པའི་ཚོགས་འདུ་ཞིག་ཡིན་པ་དང་། ཁོང་གིས་དབུ་ཁྲིད་པའི་རྒྱ་གར་གྱི་སྲིད་གཞུང་གིས་ཀྱང་དེ་འདྲ་ཞིག་ཡོང་བའི་འབད་བརྩོན་གནང་གི་ཡོད། རྒྱ་གར་ནང་ཚོང་ལས་མ་རྩ་འཛུགས་རྒྱུ་སོགས་ལ་དོན་གཉེར་བྱེད་མཁན་མང་པོ་ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་རྒྱ་གར་དང་མཉམ་ལས་བྱ་རྒྱུར་འདུན་པ་ཡོད། འོན་ཀྱང་རྒྱ་གར་ནི་ཤེས་རིག་དང་ལེགས་བྱང། མི་རིགས་སྣ་མང་གི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པར་བརྟེན་རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་དག་རྩ་བར་བཞག་ནས་དཔལ་འབྱོར་བཅོས་བསྒྱུར་བྱ་རྒྱུ་ཁོང་གིས་འབད་བརྩོན་ཆེ་བསྐྱོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག

XS
SM
MD
LG