ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༣/༢༡

ཧྥ་རན་སི་ཡི་རྒྱལ་སའི་ནང་མི་གྲངང་ས་ཡ་གཅིག་ལྷག་གིས་འཇིགས་སྐུལ་བའི་དྲག་སྤྱོད་ལ་ངོ་རྒོལ།


ད་ལམ་འཇིགས་སྐུལ་དྲག་སྤྱོད་པའི་ལས་འགུལ་གྱི་གནོད་སྐྱོན་ཕོག་པའི་མི་སྣ་ཁག ནང་མི་སྤུན་མཆེད་ཚོར་སེམས་གསོ་དང་གུས་འདུད་ཞུ་ཆེད་དང། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་ཆེད་དུ་ཕྷ་རནྶ་ཡི་རྒྱལ་ས་པེ་རི་སེ་ནང་། རྒྱལ་སྤྱིའི་རྒྱལ་ཁབ་བཞི་བཅུ་ཙམ་གྱི་འགོ་ཁྲིད་གཙོས་པའི་ཁྱོན་གཞི་རིམ་མི་གྲངས་སྟོང་ཚོ་མང་པོས་རྔམ་སྟོན་ཁྲོམ་སྐོར་ཧ་ཅང་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྷ་རན་སི་ཡི་ནང་སྲིད་ལྷན་ཁང་གིས་གསུངས་དོན་ལ། འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་ལ་ངོ་རྒོལ་གྱི་ཆེད་དུ་དམིགས་པའི་རྔམ་སྟོན་ལས་འགུལ་འདིི་ཡུལ་དེའི་འབྱུང་རབས་ལོ་རྒྱུས་ཁྲོད་མི་མང་གི་ལས་འགུལ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང། ཕྷ་རན་སི་ཡི་བརྒྱུད་ལམ་ཁག་གིས་ཚོད་དཔག་བྱེད་དོན་ལ་གཞིགས་ན། ད་ཐེངས་ཀྱི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་འདི་ལ་མི་གྲངས་ས་ཡ་གསུམ་ཙམ་གྱིས་མཉམ་ཞུགས་བྱས་ཡོད་སྟབས། དེ་སྔོན་དམག་ཆེན་གཉིས་པའི་སྐབས། པེ་རི་སེ་རྒྱལ་ས་ན་རྫི་རིང་ལུགས་ཀྱི་དབང་བསྒྱུར་འོག་ནས་མཐུན་ཕྱོགས་དཔུང་སྡེ་བཅིངས་འགྲོལ་བཏང་བའི་རྗེས་སུ་ རྒྱལ་སའི་ཁྲོམ་གཞུང་ལ་མི་ཚོགས་ཧ་ཅང་ཆེན་པོ་འདུ་ཚོགས་བྱུང་ཡོད་པ་དེ་ལས་ཀྱང་ད་ཐེངས་ཀྱི་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་མང་བ་བྱུང་ཡོད་པ་རེད།

XS
SM
MD
LG