ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༢༣

ཤི་རི་ལང་ཀའི་སྲིད་འཛིན་འདེམས་བསྐོ་བྱ་རྒྱུའི་འོས་བསྡུ།


ཤི་རི་ལང་ཀའི་སྲིད་གཞུང་གིས། དུས་ཡུན་རིང་པོའི་བར་ཡོད་པའི་ཏ་མིལ་སྟག་གྱེན་ལོག་པའི་དྲག་རྩུབ་ཀྱི་ལས་འགུལ་དེ་དག་རྩ་མེད་དུ་བཏང་སྟེ། ལོ་ངོ་ལྔ་འགྲོ་གི་ཡོད་པའི་རིང་། སྲིད་འཛིན་གྱིས་རང་ཉིད་དང་། རང་གི་ཁྱིམ་ཚང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དབང་བསྒྱུར་དང་སྟངས་འཛིན་བྱེད་ཐུབ་ཐབས་སུ་དམིགས་པའི་ཐབས་བྱུས་འཛིནཐབས་གང་ཡོང་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་སྐབས་ཤིག སྲིད་འཛིན་གྱི་མཐུན་ཕྱོགས་གཙོ་བོའི་གྲས་སུ་ཡོད་པ་ འགའ་ཞིག་གིས་ད་ཆ་ཁོང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་ཁོངས་སུ་ཡོད་པ་ཞིག་ གློ་བུར་དུ་་སྲིད་འཛིན་གྱི་ཁ་གཏད་དུ། སྲིད་འཛིན་གྱི་འོས་མིར་འགྲན་ཞུགས་ བྱེད་མཁན་ཞིག་གིས། ཤི་རི་ལང་ཀའི་འོས་བསྡུ་བ་མི་མང་རྣམས་ལ། ད་ལྟའི་སྲིད་འཛིན་ལ་ཡོད་པའི་འཛིན་སྐྱོང་གི་དབང་ཆ་མང་དག་ཅིག་མེད་པ་བཟོས་ཏེ། གྲོས་ཚོགས་ཀྱི་ལམ་ལུགས་མང་བ་ཡོད་པའི་སྲིད་གཞུང་ཞིག་ལ་འགྱུར་བ་གཏོང་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG