ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་དབུ་འཛུགས་གནང་བ།


བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉེར་བདུན་པ་དེ་བཞུགས་སྒར་དྷ་རམ་ས་ལར་དབུ་འཛུགས་གནང་བ་དང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་ཚོགས་ཡོད།

ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༥ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཨེ་ཤ་ཡ་ཧལ་ཐ་རི་སོ་ཌི་ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ཐེངས་འདིར་ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་སྐབས་ད་ལྟའི་བོད་དང་རྒྱ་ནག་ནང་གི་གནས་སྟངས་ལ་གཞིགས་ནས་འབྲེལ་མོལ་གྱི་ལས་རིམ་བསྐྱར་གསོ་ཐུབ་རྒྱུའི་ཐད་བསྐྱར་ཞིབ་གནང་རྒྱུ་ཡིན་འདུག

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་སྔོན་མ་ནི་ཕྱི་ལོ་༢༠༡༣་ཟླ་དགུ་བའི་ནང་བཞུགས་སྒར་དྷ་རམ་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་ཉིན་གསུམ་རིང་འཚོགས་པ་དང་། ལས་དོན་ཚོགས་ཆུང་འདི་ནི་༡༩༩༩་ལོར་བཀའ་ཤག་གི་ལམ་སྟོན་འོག་ཚུགས་པ་རེད།།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བཞིན་གསར་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་མོས་མཐུན་ཐོག་ནས་སེལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ལ་རོགས་ཕན་ཡོང་ཆེད་ཡིན་འདུག

XS
SM
MD
LG