ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་རྒྱལ་སར་ཐེ་ཝན་གྱི་རྒྱལ་དར་སྒྲེང་པར་རྒྱ་ནག་གིས་ངོ་རྒོལ་བྱས་པ།


སྤྱི་ཟླ་དང་པོའི་ཚེས་༡་ཉིན་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་དུས་ཆེན་ཉིན་ཐེ་ཝན་གྱི་རྒྱལ་དར་ཨ་མི་རི་ཁའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ཐེ་ཝན་གཞུང་ཚབ་པ་ཟུར་པའི་སྡོད་གནས་ལ་སྒྲེང་བར་དེ་ལ་རྒྱ་ནག་གིས་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། རྒྱལ་དར་སྒྲེང་བའི་མཛད་སྒོ་འདི་ནི་ད་བར་ལོ་༣༦་གྱི་རིང་བྱེད་མ་མྱོང་བའི་བ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་འདི་ནི་ཨ་མི་རི་ཀས་རྒྱ་ནག་གཅིག་གི་སྲིད་ཇུས་ལག་བསྟར་མི་བྱེད་པར་སྐྱོན་བརྗོད་དང་། འདི་འདྲ་སླར་ཡང་བྱས་ན་འགྲིགས་ཀྱི་མེད་ལུགས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བརྗོད་འདུག

XS
SM
MD
LG