ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གི་མཛད་འཕྲིན།


ཕྱི་ལོ་ ༢༠༡༤ ་ལོའི་ཟླ་བ་༡༢ ཚེས་༣༡་ཉིན་སྟེ་ལོ་མཇུག་གི་ཉིན་མོར་༧གོང་ས་མཆོག་རྒྱ་གར་དབུས་མ་ཧ་ར་ཤི་ཊི་ར་མངའ་སྡེའི་པུ་ནེ་གྲོང་ཁྱེར་དུ་ཉིན་གཅིག་ལ་ཆིབས་སྒྱུར་གནང་ནས་མཛད་འཕྲིན་བསྐྱངས་པ་དང་། ས་གནས་དེར་ཕྱི་ནང་གི་མི་རིགས་ཁྱོན་བསྡོམས་མི་གྲངས་བཞི་སྟོང་ལྷག་ལ་བཀའ་སློབ་བསྩལ་ཡོད་ཅིང་། དེའི་རྗེས་སྤྱི་ལོ་༢༠༡༥་ལོའི་གནམ་ལོ་གསར་པའི་ཉིན་དང་པོར་༧གོང་ས་མཆོག་རྒྱ་གར་གྱི་ གུཇི་རཏ་མངའ་སྡེའི་སུ་རཏ་གྲོང་ཁྱེར་དུ་ཆིབས་སྒྱུར་གནང་ནས་གྲོང་ཁྱེར་དེའི་སློབ་ཆེན་ཞིག་ཏུ་དགེ་སློབ་ཚོར་བཟང་སྤྱོད་ཀྱི་བཀའ་སློབ་གནང་སྟེ་ཉིན་གཅིག་དང་ཕྱེད་ཀའི་རིང་ལ་མཛད་འཕྲིན་བསྐྱངས་པ་མ་ཟད། དེ་གའི་ཚོང་བདག་ཅིག་གིས་ཨ་མའི་དྲན་གསོའི་གཟེངས་རྟགས་ཤིག་༧གོང་ས་མཆོག་ལ་ཕུལ་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG