ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་དང་པ་ཀི་སེ་ཏན་ཕྱོགས་ཕན་ཚུན་གྱི་རྡུལ་ཕྲན་གྱི་ལས་གཞིའི་ཐོ་གཞུང་བརྗེ་རེས།


རྒྱ་གར་དང་པ་ཀི་སེ་ཏན་གྱིས་ཕྱོགས་ཕན་ཚུན་གྱི་རྡུལ་ཕྲན་གྱི་ལས་གཞི་ཁག་ལ་རྒོལ་བརྡུང་བྱ་རྒྱུ་མིན་པའི་གྲོས་མཐུན་ཞིག་དེ་སྔ་བྱུང་ཡོད་པ་དེའི་ནང་འཁོད་པ་གཞིར་བཟུང་། རེས་གཟའ་ཕུར་བུའི་ཉིན། ཕྱོགས་གཉིས་ཕན་ཚུན་གྱི་རྡུལ་ཕྲན་གྱི་ལས་གཞིའི་ཐོ་གཞུང་བརྗེ་རེས་བྱས་ཡོད་པ་རེད། དེ་ནི། ཕྱི་ལོ་༡༩༩༢ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་གི་ཉིན། ཡུལ་གྲུ་གཉིས་ཕན་ཚུན་ཐོ་གཞུང་བརྗེ་རེས་ཐོག་མར་བྱས་པ་ནས་བཟུང་དེ། ད་ཕན་དེ་འདྲའི་གནས་ཚུལ་བྱུང་ཐེངས་ཉི་ཤུ་རྩ་བཞི་པ་དེ་ཡིན་པ་རེད།།

XS
SM
MD
LG