ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལྭའི་བྷེ་རི་ཡའི་འཕྲོད་བསྟེན་སྨན་བཅོས་ཁང་རྣམས་རིམ་བཞིན་སྒོ་ཕྱེ་ཡི་ཡོད་པ།


འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བརྗོད་དོན་ལྟར་ན། ལྭའི་བྷེ་ རི་ཡའི་ནང་དུ་ཨྭི་བྷོ་ལ་ཁྲག་ཐོན་གྱི་ནད་གཞི་འགོས་ཁྱབ་ཕྱིན་པའི་གནས་ཚུལ་ གསར་པ་ཇི་ཉུང་དུ་སོང་ཡོད་པ་རེད། མངའ་ཁུལ་དེའི་ནང་ཨྭི་བྷོ་ལ་ཁྲག་ཐོན་ གྱི་ནད་གཞི་ཁྱབ་གདལ་ཤུགས་ཆེ་འགྲོ་བའི་སྐབས་སུ། ལྭའི་བྷེ་རི་ཡ་ནི། ནད་གཞི་ ཁྱབ་གདལ་འགྲོ་ཡུལ་གྱི་ལྟེ་གནས་ཤིག་ཆགས་ཡོད་ཀྱང་། ད་ཆ་ཡུལ་དེའི་ས་ཁུལ་ འགའ་ཞིག་གི་ནང་། ནད་དེ་གསར་དུ་འགོས་པའི་གནས་ཚུལ་མ་བྱུང་བར་ གཟའ་འཁོར་འགའ་ཞིག་འགྲོ་གི་ཡོད་པ་ལྟར། དོ་སྣང་སྔར་ལྷག་ཆེ་སྐྱེད་ཀྱི་ ཐོག་ནས་སྨན་ཞབས་པ་རྣམས་ཀྱིས་རྒྱུན་ལྡན་གྱི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་ དོན་བྱེད་སྒོ་ཁག་འགོ་འཛུགས་བྱས་ཡོད་པ་འདི་ནི། ཡར་རྒྱས་ཀྱི་རྟགས་མཚན་ གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG