ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྟོན་པ་མ་ཤི་ཀའི་འཁྲུངས་སྐར་གསང་བའི་སྒོ་ནས་སྲུང་བརྩི་མི་ཞུ་ཀ་མེད་ཆགས་ཡོད་པ།


རྒྱ་ནག་གཞུང་གིས། མི་རིགས་རིང་ལུགས་ཀྱི་ལྟ་སྤྱོད་འཛིན་ཤུགས་ཆེ་རུ་ གཏོང་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་ངོས་ལེན་མ་ཐོབ་པའི་ རྒྱ་ནག་ནང་གི་ཡེ་ཤུའི་ཆོས་ཁང་ཁག་གི་ཚོགས་མི་རྣམས་ཀྱིས། ཁོངཚོའི་ཐོག་ རྒྱ་ནག་གཞུང་གིས་དམ་དྲག་དང་གནོན་བསྡོམས་བྱེད་ཤུགས་ཆེ་རུ་གཏོང་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པ་རེད། དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་། སོའི་སྨན་ཁང་ཞིག་གི་མཁའ་ཐོག་ཏུ་ ཡོད་པའི་ཁང་མིག་གཅིག་གི་ནང་། ཡེ་ཤུའི་ཆོས་དད་པ་ཁག་ཅིག་འདུ་འཛོམས་ བྱས་ཏེ། ཁང་མིག་དེའི་སྒོ་དང་སྒེའུ་ཁུང་རྣམས་དམ་པོར་བརྒྱབས་པ་དང་ཡོལ་ བའི་བཀབ་པ་སོགས་བྱས་ཏེ། ཆོས་དབྱངས་རུ་ཁག་གིས། ཡེ་ཤུའི་སྟོན་པ་མ་ཤི་ ཀའི་འཁྲུངས་སྟོན་གྱི་དགའ་གླུ་ལེན་ཏེ་དགའ་དད་སྤྲོ་གསུམ་གྱི་རྣམ་པས་ཁེངས་ ཏེ་ཡོད་པ་ཡིན་འདུག འོན་ཀྱང་། ཁྲིམས་མཐུན་ཡིན་པའི་ངོས་ལེན་མ་ཐོབ་པའི་ཡེ་ཤུའི་ཆོས་དད་པའི་ ཚོགས་པ་ཁག་ནི། རྒྱ་ནག་གཞུང་གིས། གནོན་བསྡོམས་བྱ་ཡུལ་ཞིག་ཏུ་གྱུར་ཏེ། རྒྱུན་རིང་འགྲོ་གི་ཡོད་པའི་ཁར། སྲིད་འཛིན་ཞི་ཅིན་པིང་གི་ལྟ་སྐྱོང་གི་འོག རྒྱ་ནག་དམར་ཤོག་ཚོགས་པས། མི་རིགས་རིང་ལུགས་ཀྱི་ལྟ་སྤྱོད་འཛིན་ཤུགས་ ཆེ་རུ་གཏོང་བཞིན་པ་དང་དུས་མཉམ་དུ། ཁོང་ཚོའི་ཡེ་ཤུའི་ཆོས་སྡེ་ཁག་གི་ ཚོགས་མིའི་གྲངས་འབོར་ལ་འཕར་སྐྱེད་འགྲོ་བཞིན་པ་ལ་སོགས་པའི་ཁོང་ཚོའི་ཐོག་རྒྱ་ནག་གཞུང་གིས་དྲག་པོའི་གནོན་སྡོམ་བྱ་རྒྱུའི་ཁོར་ཡུག་ཇེ་ཞེན་ཇེ་སྡུག་ ཏུ་འགྲོ་བཞིན་ཡོད་པའི་རྣམ་པ་གསལ་པོ་ཡོད་པ་རེད།

XS
SM
MD
LG