ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྟའུ་རུ་རང་སྲེག་ངོ་རྒོལ་བྱུང་འདུག


བོད་མདོ་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་ཉ་མཚོ་དགོན་པའི་དགེ་འདུན་པ་ལོ་ན་༢༧ཡིན་པ། སྐལ་བཟང་ཡེ་ཤེས་ལགས་ཀྱིས། སྤྱི་ཟླ་བཅུ་གཉིས་པའི་ཚེས་༢༣་ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་༡༡་ཡས་མས་སུ། རྟའུ་ཉ་མཚོ་དགོན་པའི་ལྟ་སྲུང་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འགྲམ་དུ། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་དང་བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་ཞོར་རང་སྲེག་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། དེའི་རྗེས་ཉེན་རྟོག་པས་སྐུ་ཕུང་བཙན་འཕྲོག་བྱས་ཏེ་རྟའུ་རྫོང་གི་ཉེན་རྟོག་ལས་ཁུངས་སུ་ཁྱེར་བས། ས་གནས་མང་ཚོགས་ཀྱིས་སྐུ་ཕུང་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡང་། ད་ལྟའི་ཆར་སྐུ་ཕུང་རྩིས་སྤྲོད་བྱས་མེད་པའི་རྐྱེན་གྱིས། ས་གནས་མང་ཚོགས་དང་ཉེན་རྟོག་པའི་བར་དུ་ཟིང་ཆ་ཡོང་བར་བློ་འཚབ་བྱེད་བཞིན་འདུག རྟའུ་ཕྱོགས་ཀྱི་དྲ་རྒྱ་དང་ཁ་པར་ལ་སོགས་པའི་བརྡ་རྟགས་བཀག་འགོག་བྱེད་ཡོད་འདུག སྐལ་བཟང་ཡེ་ཤེས་ནི་སྔོན་མ་རྒྱ་གར་ལ་ཕེབས་ཏེ་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་ཡོད་པ་དང་། ཕྱིས་སུ་བོད་དུ་ཕེབས་ཏེ་རྟའུ་ཉ་མཚོ་དགོན་པར་མི་མང་ལ་ནང་ཆོས་ངོ་སྤྲོད་དང་ཉམས་ཐག་བྱིས་པ་དང་རྒན་རྒོན་ཚོར་བོད་ཡིག་སློབ་ཁྲིད་བྱེད་པ་སོགས་ས་གནས་མང་ཚོགས་ཀྱིས་བརྩི་བཀུར་བྱེད་སའི་དགེ་འདུན་པ་ཞིག་རེད། སྐལ་བཟང་ཡེ་ཤེས་ལགས་ནི་ཁམས་རྟའུ་སྐུ་ནོར་ཡུལ་ཚོའི་ཐེ་ཝ་གྲོང་པ་ནས་ཡིན་པ་རེད་ལ། ཨ་མའི་མིང་ལ་བྱམས་པ་ལྷ་མོ་དང་ཨ་ཕའི་མིང་ལ་རྡོ་རྗེ་ཞུ་གི་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG