ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡའི་ཚུལ་མིན་གྱི་བྱ་སྤྱོད་ཁག་བཀག་སྡོམ་བྱ་རྒྱུར་རྒྱ་ནག་གིས་རམ་འདེགས་བྱེད་དགོས་ལུགས་ཨ་རིས་རྗོད་པ།


བྱང་ཀོ་རི་ཡས་རྒྱལ་ཁབ་གཞན་གྱི་དྲ་རྒྱར་གནོད་སྐྱོན་ཚབས་ཆེ་གཏོང་ཐུབ་པའི་ནུས་པ་དེ་ཚོད་འཛིན་བྱ་ཆེད། རྒྱ་ནག་གཞུང་གིས་རོགས་འདེགས་བྱེད་དགོས་ལུགས་ ཨ་མི་རི་ཀའི་གཞུང་གིས་འབོད་སྐུལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ ཨ་རིའི་ཆེས་མཐོའི་དཔོན་རིགས་མིང་སྨྲོས་འདོད་མེད་པ་ཞིག་གིས་བརྗོད་དོན་བྱས་ན། ང་ཚོས་རྒྱ་ནག་གི་དཔོན་རིགས་མཉམ་དུ་གནད་དོན་འདིའི་ཐད་འབྲེལ་བ་བྱས་ཏེ། གཏོར་སྐྱོན་གྱི་དོན་རྐྱེན་འདིའི་ཐད་ རྒྱ་ནག་གི་གནས་ཚུལ་ཤེས་རྟོགས་ཡོད་པ་ཚོ་ ང་ཚོར་མཁོ་སྤྲོད་བྱེད་དགོས་པ་དང། ང་ཚོའི་ངོས་ནས་གནད་དོན་འདིར་བློ་འཚབ་ཇི་ཙམ་བྱེད་ཀྱི་ཡོད་པ་ དེ་བཞིན་ དཀའ་རྙོག་འདིའི་ཐད་ རྒྱ་ནག་གིས་ཕྱོགས་ནས་མཉམ་ལས་བྱེད་དགོས་པའི་རེ་སྐུལ་བྱས་ཡོད། དྲ་ལམ་གྱི་གྲོས་མོལ་བརྒྱུད་རིམ་སྐབས། དྲ་རྒྱའི་བརྒྱུད་ལམ་ལ་གཏོར་ཚབས་ཆེ་བའི་གནོད་སྐྱོན་གཏོང་ཡས་དེ་དྲ་ལམ་གྱི་སྒྲིག་གཞི་དང་མི་མཐུན་པའི་བྱ་སྤྱོད་ཅིག་ཡིན་པ་ ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀས་ནན་བརྗོད་དང་ངོས་འཛིན་བྱེད་ཀྱི་ཡོད་རེད་ཅེས་དང། བྱང་ཀོ་རི་ཡའི་དྲ་རྒྱའི་འཕྲིན་གཏོང་བརྒྱུད་ལམ་ཁག་རྒྱ་ནག་བརྒྱུད་ནས་འགྲོ་གི་ཡོད་སྟབས། ང་ཚོས་ བྱང་གི་དྲ་ལམ་གྱི་ལས་དོན་ཁག་བཀག་འགོག་བྱས་ཏེ་ ཕྱིས་འབྱུང་གཏོར་སྐྱོན་གྱི་ལས་དོན་དེ་རིགས་སྤེལ་མི་ཐུབ་པ་བཟོ་ཐབས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ད་ལྟ་ཕན་ རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་དགོས་འདུན་ལ་ལན་འདེབས་བྱས་རིགས་བྱུང་མི་འདུག

XS
SM
MD
LG