ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་དམག་དཔོན་ཁག་གིས་དམག་འཐབ་ལས་རྒྱུ་དངོས་འཐོབ་རྒྱུར་དོ་སྣང་ཆེ་བ།


རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་མི་དམངས་བཅིངས་འགྲོལ་དམག་ཟེར་བའི་མཐོ་རིམ་འགོ་ཁྲིད་ནང་ལྐོག་ཟའི་བྱ་སྤྱོད་ལག་བསྟར་བྱེད་མཁན་ཚོར་རྡུང་རྡེག་གཏོང་རྒྱུའི་དམིགས་ཡུལ་འཛིན་བཞིན་པའི་སྐབས་དེར་བཅིངས་འགྲོལ་དམག་གི་གསར་ཤོག་གིས་ཆེད་བརྗོད་གཅིག་སྤེལ་ཏེ་རྒྱ་ནག་གི་མཐོ་རིམ་དམག་དཔོན་ཚོས་དམག་རྒྱག་གྲ་སྒྲིག་བྱ་རྒྱུ་ལས་སྒེར་གྱི་དཔལ་འབྱོར་བཟོ་རྒྱུར་དོ་སྣང་ཆེ་བ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་ཅིང་། དེ་ཡང་བཅིངས་འགྲོལ་དམག་གི་གསར་ཤོག་གིས་མཐོ་རིམ་དམག་དཔོན་ཁག་ནི་དམག་རྒྱག་གི་ཐབས་ཇུས་ཐད་ཞིབ་འཇུག་དང་སློབ་སྦྱོང་བྱ་རྒྱུ་ལས་གནའ་བོའི་དངོས་ཟོག་དང་རི་མོ་དེ་བཞིང་ཡིག་གཟུགས་འབྲི་རྩལ་སོགས་རིན་ཐང་ལྡན་པའི་རྒྱུ་དངོས་འཐོབ་རྒྱུ་ལང་དུ་ཤོར་ཞིག་བཞིན་ཡོད་པར་བརྟེན་གལ་ཏེ་དམག་འཁྲུག་གི་གནས་ཚུལ་རིགས་འབྱུང་བ་ཡིན་ན་དེ་ལ་གཞིགས་པའི་འཐབ་ཇུས་འདིང་རྒྱུ་ནི་དཀའ་ཚེགས་ཀྱི་གནས་ལ་འགྱུར་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

XS
SM
MD
LG