ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ།


ཉེ་ཆར་ཕྱི་ཟླ་༡༡་ཚེས་༢༩་ཉིན་ཐེ་ཝན་གྱི་གྲོང་ཁྱེར་ཁག་གི་སྤྱི་ཁྱབ་པ་དང་རྫོང་སྡེ་ཁག་གི་རྫོང་དཔོན་རྣམས་འོས་འདེམས་བྱས་ཏེ། ད་ལྟའི་གཞུང་འཛིན་གོ་མིན་ཏང་ལ་ཕམ་ཉེས་ཆེན་པོ་བྱུང་ཞིང་། སྲིད་འཛིན་མ་དབྱིན་ཇུག་གི་འགོ་ཁྲིད་པའི་གོ་མིན་ཏང་གཞུང་འཛིན་ཚོགས་པ་དང་རྒྱ་ནག་གཉིས་ཀྱིས་གྲོས་མཐུན་༢༡་ལ་མིང་རྟགས་བཀོད་པའང་ལག་ལེན་ཚུལ་བཞིན་བསྟར་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ལྷུང་འདུག དེར་བརྟེན་ཐེ་ཝན་ཐེ་ཝན་གྱི་ས་གནས་འོས་འདེམས་དེས་ཕྱི་ལོ་༢༠༡༦་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལའང་ཤུགས་རྐྱེན་ཐེབས་སྲིད་པས། རྒྱ་ནག་གཞུང་གིས་རང་གི་གྲོས་མོལ་འགོ་བ་ཁྲེན་ཏེ་མིང་ཐེ་ཝན་ལ་འཚམས་འདྲིར་མངགས་ཏེ། པེ་ཅིང་གི་དབང་འཛིན་པ་ཚོས་མཚོ་འགག་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བར་ཤུགས་རྐྱེན་ཐེབས་རྒྱུ་མིན་པའི་རྣམ་འགྱུར་བསྟན་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG