ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཁྲིམས་ཁང་ནང་ཡུ་གུར་བ་མི་བརྒྱད་སྲོག་ཁྲིམས་གཅད་རྒྱུའི་བཅད་ཁྲ་བཏང་བ།


ཤིས་ཅང་ངམ་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆེ་ནང་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་མཁན་གྱི་ཚོགས་པའི་འགོ་ཁྲིད་མཁན་ཡིན་པ་ཉེས་འཛུགས་བྱས་ཏེ། སླར་ཡང་ཝེས་གུར་བ་མི་གྲངས་བརྒྱད་ལ་སྲོག་ཐོག་ཉེས་ཆད་ཀྱི་བཅད་པ་དང་། མི་ལྔ་ལ་དུས་བཀག་སྲོག་ཐོག་གི་ཉེས་ཆད་གཏང་རྒྱུའི་བཅད་ཁྲ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་ཐོབ་ཐང་ཚོགས་པ་ཞིག་གིས། འདི་རྒྱ་ནག་གི་ཆབ་སྲིད་ཀྱི་དགོས་མཁོ་ལ་གཞིགས་ཏེ་ཐག་བཅོད་བྱས་པ་ཞིག་ཡིན་པ་ལས། དྲང་བདེན་ཁྲིམས་ལུགས་ཀྱི་ཐོག་ནས་བྱས་པའི་ཐག་གཅོད་གཅིག་མ་རེད་ཅེས་བརྗོད་འདུག

XS
SM
MD
LG