ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐའི་ཝན་གྱི་དཀའ་རྙོག་སེལ་རྒྱུར་འདེམས་ཀ་དྲག་ཤུགས་རེད་ཅེས་རྒྱ་ནག་གི་དམག་སྤྱི་ཟུར་པ་ཞིག་གིས་བརྗོད།


ཉེ་ཆར་ཐའི་ཝན་ས་གནས་ཀྱི་འོས་བསྡུའི་གྲུབ་འབྲས་ལ་རྒྱ་ནག་གཞུང་དང་མཐུན་ཐབས་བྱེད་མཁན་ཐའི་ཝན་གྱི་གཞུང་འཛིན་གོང་མིང་ཏང་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་བར་བརྟེན་ དུས་ཡུན་རིང་པོའི་རིང་ ཐའི་ཝན་གྱི་དཀའ་རྙོག་སེལ་མ་ཐུབ་པར་ལྷག་བསྡད་པ་དེ་ དེ་མུར་ནམ་ཡང་འཇོག་ཐབས་མེད་ལུགས་རྒྱ་ནག་གི་དམག་སྤྱི་ཟུར་པ་གཅིག་གིས་ཉེན་བརྡ་བཏང་བ་དང་ཆབས་ཅིག་ ཐའི་ཝན་གྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་དྲག་ཤུགས་བེད་སྤྱོད་བྱ་རྒྱུར་ཞེད་སྣང་གཏན་ནས་བྱ་རྒྱུ་མེད་ལུགས་ཀྱང་བརྗོད་པ་བཅས་ཀྱི་སྐོར་རྒྱ་ནག་གཞུང་གཉེར་ཤིན་ཧ་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

XS
SM
MD
LG