ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཤིང་ཅང་ནང་བཟོས་པའི་རྒྱ་ནག་གི་ཁྲིམས་ལ་ཡུར་གུར་གྱི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད།


འཛམ་གླིང་གི་ཡུར་གུར་མཐུན་ཚོགས་ཟེར་བ་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་ཚོགས་པས། ཉེ་བའི་ཆར་རྒྱ་ནག་གཞུང་གིས་ཤིས་འཇང་ནང་ཁྲིམས་ལུགས་གསར་པ་བཟོས་ཏེ་ཡུ་གུར་མི་རིགས་ཀྱིས་རྒྱལ་ཁབ་ཀྱི་གཏན་ལྷིང་ལ་གནོད་པའི་བྱ་བ་སྤེལ་ཆེད་ དྲ་ལམ་དང་ཁ་པར་བེད་སྤྱོད་གཏོང་ན་དཔལ་འབྱོར་གྱི་ཉེས་ཆད་ཆེན་པོ་གཅོད་རྒྱུའི་ཁྲིམས་ལུགས་བཟོས་པ་དེ་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། ཚོགས་པ་དེ་ཡིས། འདི་ནི་རྒྱ་ནག་གིས་ཡུར་གུར་མི་རིགས་ཀྱི་ཐོག་ལ་བཟུང་བའི་སྡང་སེམས་མངོན་པ་དང་། ཡུ་གུར་མི་རིགས་ལ་བཙན་གནོན་བྱེད་རྒྱུའི་དམིགས་ཡུལ་འཛིན་ཏེ་བཟོས་པ་རེད་ཅེས་བརྗོད་འདུག

XS
SM
MD
LG