ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་གི་ངོ་རྒོལ་ཕྱིར་འཐེན་བྱེད་དགོས་པའི་རེ་སྐུལ།


གཟའ་མིག་དམར་ཉིན་ཧོང་ཀོང་དུ་དབུས་ས་བཙན་བཟུང་ཞེས་པའི་ལས་འགུལ་འགོ་སྤེལ་མཁན་མི་གསུམ་ལ་ལས་འགུལ་དེ་ཕྱིར་འཐེན་ཡོང་བའི་སྐུལ་མ་ཞུས་འདུག གཟའ་མིག་དམར་ཉིན་འབྲེལ་ཡོད་མི་གསུམ་གྱིས་གསར་འགོད་སྐོང་ཚོགས་ཞིག་བྱས་ཏེ། གཟའ་ལྷག་པར་ཁོང་ཚོས་འགན་རང་འཁུར་བྱས་ཏེ་ཉེན་རྟོག་པར་མགོ་བཏགས་ཞུ་རྒྱུའི་སྐོར་བཤད་ཡོད། ད་དུང་ཁོང་ཚོས་ངོ་རྒོལ་གྱི་ལས་འགུལ་པར་སྲང་ལམ་དུ་ཐོན་ཏེ་ངོ་རྒོལ་བྱེད་རྒྱུའི་ཚབ་ཏུ་ཕུགས་རྒྱང་རིང་བའི་ལས་འགུལ་སྤེལ་དགོས་པ་དང་ལས་འགུལ་ལ་འགྱུར་བ་གཏོང་དགོས་པ་སྐུལ་མ་ཞུས་འདུག དེའི་རིང་གཟའ་ཟླ་བའི་ཉིན་སློབ་ཕྲུག་ངོ་རྒོལ་ལས་འགུལ་གྱི་འགོ་ཁྲིད་ཝང་དང་སློབ་ཕྲུག་གཉིས་ཀྱིས་ཟས་བཅད་ངོ་རྒོལ་བྱེད་འགོ་འཛུགས་ཏེ་ལས་འགུལ་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་མུ་མཐུད་ཡོང་ཐབས་བྱེད་བཞིན་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG