ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱིས། པ་ཀི་སེ་ཐན་དང་ཞི་བའི་འབྲེལ་མཐུད་བྱ་རྒྱུའི་འདུན་པ་ཡོད་པ།


རྒྱ་གར་དང་པཱ་ཀི་སེ་ཐན་གྱི་སྲིད་བློན་རྣམ་གཉིས་ཀྱིས། གཅིག་གིས་ གཅིག་ལ་སྣང་བ་མི་གཏོད་པའི་རྣམ་འགྱུར་བསྟན་ཏེ་ཉི་མ་གཅིག་གི་རྗེས། ལྷོ་ཨེ་ཤི་ཡའི་ཡུལ་ཁག་མཉམ་འབྲེལ་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམས་ཀྱི ་ལྷན་ཚོགས་ཐེངས་ ༡༨པ་རེས་གཟའ་ཕུར་བུའི་ཉིན་མཇུག་ བསྡོམས་གནང་པའི་སྐབས་སུ། རྒྱ་གར་གྱི་སྲིད་བློན་ནཱ་རེན་རྡེ་ར་མོ་རྡི་དང་ པ་ཀི་སེ་ཐན་གྱི་སྲིད་བློན་རྣམ་གཉིས་ཕྱག་གཏོང་རེས་གནང་སྟེ། མི་མཐུན་པའི་ རྣམ་པ་དེ་ཞི་འཇམ་དུ་སོང་ཡོད་པ་རེད། དེ་ཡང་ཁོང་གཉིས་མཉམ་དུ་ བརྒྱབས་པའི་དཔར་ཞིག་གི་ནང་། ཁྱིམ་མཚེས་རྒྱལ་ཁབ་དེ་གཉིས་ཀྱི་དབར་ མི་མཐུན་པ་དང་། འཁོན་འཁྲུག་གི་གནས་ཚུལ་ཅི་ཡང་མེད་པའི་རྣམ་པ་ ཡོད་པ་མ་ཟད། སྲིད་བློན་རྣམ་གཉིས་ཕྱག་གཏོང་རྒྱུན་གྱི་རིང་ཕན་ཚུན་འཁྱུགས་ ཙམ་གྱི་རིང་གླེང་མོལ་ཡང་གནང་ཡོད་པ་རེད། དེ་ཉིན། ཁོང་རྣམ་གཉིས་ཕྱག་ གཏོང་རེས་གནང་པའི་གནས་ཚུལ་ཐེངས་གཉིས་བྱུང་སྟེ། ཐེངས་གཉིས་པའི་ སྐབས་སུ།དུས་ཡུན་སྐར་ཆ་ ༣༥་ཙམ་གྱི་རིང་ཕྱག་བཏང་ཡོད་འདུག

XS
SM
MD
LG