ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁ་བྲལ་བས་བཙན་བཟུང་བྱེད་པའི་ས་ཁུལ་ལ་ཡུག་རན་གཞུང་གིས་དཔལ་འབྱོར་དམ་དྲག


ཡུག་རན་གྱི་ལྷོ་ཤར་ས་ཁུལ་ཁག་གི་ནང་། གནམ་གཤིས་གྲང་ངར་ཧ་ཅང་ཆེན་པོ་བསྟན་པའི་ཁར། ཁ་བྲལ་རིང་ལུགས་པས་བཙན་བཟུང་བྱས་པའི་ས་ཁུལ་ཁག་ལ་གཞུང་གིས་དཔལ་འབྱོར་དམ་དྲག་གི་ཉེས་ཆད་བཀལ་ཡོད་པར་བརྟེན་། གྲོང་ཁྱེར་ཌོན་ཡེརྩ་ཀྱི་ནང་། དངུལ་ཁང་ཚང་མ་སྒོ་བརྒྱབ་སྟེ། གྲོང་མི་རྣམས་ལ་རྒྱུན་མཁོའི་དངོས་ཟོག་ཉོ་རྒྱུའི་དངུལ་ཡང་ལྡེང་ངེས་མེད་པ་དང་། ལྷག་པར་དུ་རྒས་ཕོག་ལེན་མཁན་རྣམས་ལ་ཕོག་དངུལ་ལེན་ས་མེད་པར་དཀའ་སྡུག་ཅི་ཆེའི་གནས་སུ་གྱར་ཡོད་འདུག གྲོང་ཁྱེར་དེ་ནས་བྲོས་བྱོལ་དུ་ཕྱིན་པ་རྣམས་ཀྱི་ཚེ་སྲོག་ལ་ཉེན་ཁ་ཆུང་བ་ཡོད་ནའང་། ད་དུང་ཁོང་ཚོར་འཚོ་བའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཇཱ་མཱི་ ཌི་ཀྲར་གྱིས་གནས་ཚུལ་སྤེལ་འདུག

XS
SM
MD
LG