ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་རྒྱ་ནག་རྒྱ་མཚོའི་ཐད་རྩོད་གླེང་ཡོད་པའི་སྐབས་འདིར་ཝེ་ཏི་ནམ་གྱི་དམག་གྲུ་གཉིས་ཕྷི་ལི་པིན་དུ་འབྱོར་ཡོད་པ།


ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་མཚོ་གླིང་ཁག་ཅིག་གི་བདག་དབང་གི་ཐད། རྒྱ་ནག་དང་རྩོད་གླེང་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཝེ་ཏི་ནམ་གྱི་དམག་གྲུ་གཉིས་མཛའ་མཐུན་གྱི་རྣམ་པ་མཚོན་པའི་ཆེད་དུ་ ཕྷི་ལི་པིན་གྱི་གྲུ་ཁར་འབྱོར་ཡོད་པ་དང་། ཨུ་རུ་སུས་བཟོས་པའི་དམག་གྲུ་དེ་གཉིས་ནི། དགྲ་ཕྱོགས་ཀྱི་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་འགོག་ཐུབ་པའི་ནུས་པ་ལྡན་པ་ཞིག་ཀྱང་ཡིན་པ་རེད། དམག་གྲུ་དེ་གཉིས་ཀྱི་ནང་མཚོ་དམག་དང་ལས་བྱེད་བསྡོམས་པའི་ཁྱོན་མི་གྲངས་ཉིས་བརྒྱ་སྐོར་ཞིག་ཡོད་ཅིང་། ཁོང་ཚོ་ཕྷི་ལི་པིན་གྱི་ནང་། དུས་ཡུན་ཉིན་གྲངས་གསུམ་སྡོད་རྒྱུའི་འཆར་གཞི་ཡོད་པ་དེའི་རིང་ལ། ལྟ་སྐོར་བྱ་རྒྱུ་དང་ ཕྷི་ལི་པིན་གྱི་མཚོ་དམག་དང་མཉམ་དུ་ཉམས་མྱོང་སྤེལ་རེས་ཀྱི་གྲོས་མོལ་ཚོགས་འདུ་དང་། དམག་སྦྱོང་བྱ་རྒྱུ་སོགས་ཀྱི་འཆར་གཞི་ཡོད་འདུག ཕྷི་ལི་པིན་གྱི་མཚོ་དམག་གི་དམག་སྤྱི་ཞིག་གིས། ད་རེས་ཡུལ་གྲུ་གཉིས་ཀྱི་མཚོ་དམག་རྣམས་མཉམ་དུ་དམག་སྦྱོང་བྱ་རྒྱུ་དང་། ཕན་ཚུན་ཉམས་མྱོང་བརྗེ་རེས་བྱ་རྒྱུ་བཅས་ཀྱི་བྱེད་སྒོ་འདི་ཚོ་ནི། རྒྱ་ནག་གི་སྟོབས་ཤུགས་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་དམིགས་པ་ཞིག་གཏན་ནས་མིན་ཞེས་བརྗོད་འདུག

XS
SM
MD
LG