ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡར་ཀླུང་གཙང་པོའི་ཐོག་གི་ཆུ་མཛོད་ཀྱིས་རྒྱ་གར་ལ་སེམས་འཚབ་བཟོ་བ།


 (Newsccn.com)
(Newsccn.com)

ད་བར་རྒྱ་གར་གྱིས་སེམས་འཚབ་ཆེན་པོ་བྱེད་བཞིན་པའི་བོད་ཀྱི་ཆུ་བོ་ཡར་ཀླུང་གཙང་པོའི་ཐོག་ལ་རྒྱ་ནག་གི་ཆུ་མཛོད་རྒྱག་རྒྱུའི་གནད་དོན་ཡོད་པ་ལྟར། ད་ལྟ་དངོས་སུ་ཆུ་མཛོད་དེ་བརྒྱབ་ཚར་ནས་ཆུ་གློག་གཏོང་འགོ་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག ལྷོ་ཁ་ས་ཁུལ་རྒྱ་ཚ་རྫོང་ཁོངས་སུ་བརྒྱབས་པའི་རྫམ་ཆུ་མཛོད་ཟེར་བ་འདི་ནི་ད་བར་བོད་མཐོ་སྒང་དུ་བརྒྱབས་པའི་ཆུ་མཛོད་ཆེ་ཤོས་དེ་ཡིན་པ་ཤིན་ཧྥ་གསར་འགྱུར་ཁང་གིས་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་གནས་ཚུལ་དེ་གསལ་སྒྲག་བྱས་པའི་རྗེས་སུ་རྒྱ་གར་གྱི་གསར་འགྱུར་ཁག་གིས་འདི་ནི་རྒྱ་གར་གྱིས་སེམས་འཚབ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཡིན་པའི་གནས་ཚུལ་འགོད་བཞིན་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG