ད་ལམ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ ལགས་ཀྱིས་ཡོ་རོབ་རྒྱལ་ཁབ་ལྔར་འཚམས་གཟིགས་གནང་སྟེ་ཡུལ་གྲུ་དེའི་ཚོའི་ ནང་གི་བོད་པའི་གཞོན་ནུ་དང་བོད་མི་རྒན་གྲས་རྣམས་ལ་ཐུག་ འཕྲད་གནང་སྟེ་གཞོན་ནུའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་གལ་ གནད་སོགས་ཀྱི་ཐད་བཀའ་མོལ་གནང་ཡོད་པ་དང། དུས་མཚུངས་ ཡུལ་གྲུ་དེ་ ཚོའི་གྲོས་ཚོགས་འཐུས་མི་ཁག་དང་མཇལ་འཕྲད་གནང་སྟེ་བོད་དོན་འགྲེལ་བརྗོད་གནང་ཐུབ་ཡོད་འདུག བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་མཉམ་དུ་ཁོང་གི་ད་ལམ་གྱི་མཚམས་གཟིགས་ཀྱི་དམིགས་ཡུལ་དང་གྲུབ་འབྲས་ཐད་བཀའ་མོལ་ཞུ་གི་ཡིན།