ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཨི་རན་གྱི་རྡུལ་ཕྲན་གནད་དོན།


སྲིད་འཛིན་ཨོ་བྷ་མས་ཨི་རན་གྱི་རྡུལ་ཕྲན་གནད་དོན་ལ་ཨི་རན་དང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༦་ལྟ་ཚུལ་མི་མཐུན་པའི་ཁྱད་པར་ཆེན་པོ་ཡོད་པ་བདེན་པ་ཡིན། ཡིན་ནའང་གྲོས་མོལ་འདིའི་དུས་ཡུན་ཕར་འགྱངས་བྱ་དགོས་མིན་དེ་དོ་དགོང་མཚན་དཀྱིལ་བར་དུ་གྲོས་མོལ་དེར་གྲུབ་འབྲས་ཅི་ཙམ་འཐོན་རྒྱུ་ཡིན་མིན་ལ་རག་ལོས་ཡོད་ཅེས་བཤད་འདུག རྣམ་པ་ཚོས་ཤེས་གསལ་ལྟར་རེད། ངའི་སེམས་པར་ད་ལྟའི་གཟའ་མཇུག་བར་དུ་དོན་དག་ཅི་ཙམ་འགྲུབ་ཐུབ་མིན་ལ་བལྟ་དགོས་པར་སྙམ།། གསར་འགོད་པ་ཚོས་སྲིད་འཛིན་ཨོ་བྷ་མར་ཨི་རན་གྱི་རྡུལ་ཕྲན་གནད་དོན་ལ་གྲོས་མཐུན་ཞིག་བཞག་ཚེ། གྲོས་མཐུན་དེ་ལ་ཨ་རིའི་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཅི་ཙམ་བྱ་རྒྱུ་ཡིན་མིན་དྲིས་པ་དང་། ཁོང་གིས་ང་ལ་གྲོས་ཚོགས་ཀྱི་རྒྱབ་སྐྱོར་འཐོབ་རྒྱུའི་གདེང་ཚོད་ཡོད་ཅེས་ལན་འདེབས་བྱས་ཡོད་པ་རེད། གལ་སྲིད་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་བའི་རྫས་རྒྱུ་ལས་སྣོན་མི་བྱེད་པ་དང་། དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྟོག་ཞིབ་བྱས་ནས་ངེས་གཏན་བྱ་ཐུབ་ཚེ། ངས་གྲོས་ཚོགས་ལ་སྐུལ་ལྕག་བཏང་ནས་གྲོས་མཐུན་དེར་རྒྱབ་སྐྱོར་འཐོབ་རྒྱུའི་གདེང་ཚོད་ཡོད་པ་མ་ཟད། ངས་ཨ་མི་རི་ཀའི་མི་དམངས་ལའང་ཨི་རན་ལ་གྲོས་མོས་བྱས་ནས་གྲོས་མཐུན་འཇོག་རྒྱུ་ལས་ཐབས་ཡག་ཤོས་་དེ་ཡིན་པའི་ངེས་ཤེས་རྙེད་དུ་འཇུག་ཐུབ་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG