ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱལ་སྤྱིའི་རྩོམ་བྲིས་ཉིན་མོ།


སྤྱི་ཟླ་༡༡་ཚེས་༡༥་ཉིན་མོ་དེ་རྒྱལ་སྤྱིའི་རྩོམ་བྲིས་ཉིན་མོ་ཞེས་སྲུང་བརྩི་ཞུ་འཆར་ཡོད་པ་དང་། སྐབས་དེར་འཛམ་གླིང་ནང་ རྩོམ་བྲིས་པ་བཙོན་འཇུག་བྱས་ཡོད་པ་དང་། གདུག་རྩུབ་མནར་གཅོད་འོག་ཡོད་པ་དང་། གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེ་བཞིན་རྐྱེན་འདས་སུ་གྱུར་ཡོད་པ་རྣམས་ཀྱི་བྱས་རྗེས་ངོས་འཛིན་དང་དྲན་གསོ་ཞུས་པའི་ཐོག་ནས་ རྒྱལ་སྤྱིའི་རྩོམ་བྲིས་སྒྲིག་འཛུགས་ཀྱིས་ འབྲེལ་ཡོད་སྲིད་གཞུང་ཁག་ལ་བཙོན་འཇུག་བྱེད་བཞིན་པའི་རྩོམ་བྲིས་པ་རྣམས་འཕྲལ་མ་ཐག་ཏུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་ དྲན་གསོའི་ཉིན་མོ་དེར་ འཛམ་གླིང་ནང་རྩོམ་བྲིས་པ་རྣམས་ཀྱིས་ རྩོམ་བྲིས་རང་དབང་ལོངས་སུ་སྤྱད་པའི་རྐྱེན་གྱིས་ སྲིད་གཞུང་ཁག་གིས་ ཁོང་རྣམས་བཙོན་འཇུག་བྱས་པ་དང་གདུག་རྩུབ་མནར་གཅོད་བཏང་བ་དང་ ལྐོག་བསད་བྱས་པ་རྣམས་ཀྱི་བྱས་རྗེས་ངོས་འཛིན་བྱས་པ་དང་ཆབས་ཅིག ཁོང་ཚོའི་བྱས་རྗེས་ལ་རྗེས་སུ་ཡིད་རང་དང་། དྲན་གསོ་ཞུ་རྒྱུའི་ཉིན་མོ་ཞིག་ཡིན་པ་རྒྱལ་སྤྱིའི་རྩོམ་བྲིས་སྒྲིག་འཛུགས་ཀྱི་འགན་འཛིན་ལྕམ་མེ་རེ་ཡམ་ཕེར་ཛར་གྱིས་འགྲེལ་བརྗོད་གནང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG