ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་གི་ངོ་རྒོལ་པ་ཚོ་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ།


ཧོང་ཀོང་གི་སློབ་ཕྲུག་ཚོས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེར་དམངས་གཙོའི་འོས་འདེམས་བྱ་དགོས་ཞེས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ། ད་བར་ཧོང་ཀོང་གི་གཞུང་ལམ་ཁག་ཅིག་དང་ཚོང་དོན་ལྟེ་གནས་བཀག་ནས་ཟླ་བ་གཅིག་དང་ཕྱེད་ཀ་ལྷག་འགྲོ་བཞིན་ཡོད་ཅིང་། ཕྱི་ཟླ་༡༡་ཚེས་༡༡་ཉིན་ཧོང་ཀོང་གི་སྲིད་སྐྱོང་ལས་ཚབ་ཀྱིས་བཀའ་བརྒྱ་ཞིག་བཏང་ཡོད་པ་དེར་འཁོད་པ་ལྟར་ན། འདས་པའི་བདུན་ཕྲག་༦་ལྷག་ལ་ཧོང་ཀོང་གི་གཞུང་ལམ་ཁག་ཅིག་དང་ཚོང་དོན་ལྟེ་གནས་སུ་ངོ་རྒོལ་བྱེད་ཀྱི་ཡོད་པའི་སློབ་ཕྲུག་ཚོ་གང་མགྱོགས་ཁ་འཐོར་འགྲོ་དགོས་པ་དང་། ཁོང་ཚོས་བཙན་བཟུང་བྱེད་ཡོད་པའི་ས་གནས་ཁག་ཏུ་སྔར་བཞིན་ངོ་རྒོལ་བྱེད་ཚེ། ཧོང་ཀོང་ས་གནས་གཞུང་གིས་ཉེན་རྟོག་པ་བཏང་ནས་ངོ་རྒོལ་ལས་འགུལ་ལ་ཞུགས་ཡོད་པའི་སློབ་ཕྲུག་རྣམས་འཛིན་བཟུང་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG