ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ།


ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ལ་ཕེབས་པའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་མཇལ་འཕྲད་གནང་སྟེ། ཁོང་ཚོས་ཧོང་ཀོང་དང་་བོད་ནང་གི་གནས་སྟངས་སོགས་ལ་བཀའ་མོལ་གནང་རྒྱུའི་རེ་བ་ཞུ་ཡི་ཡོད་ཅིང་། ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སུ་སན་ར་ཡེ་སིས་ཨ་རི་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཁག་ལ་མཇལ་འཕྲད་གནང་བ་མ་ཟད། ཨ་རིའི་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐ་ཞན་ཡོད་པ་དང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཚོར་སྡང་ཟུག་བྱེད་ཀྱི་ཡོད་པར་ཐུགས་འཚབ་ཡོད་ཅེས་བཀའ་མོལ་ནན་པོ་གནང་དགོས་པའི་འབོད་སྐུལ་ཞུས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG