ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་མཚོ་འོག་དམག་གྲུ་ཞིག་རྒྱ་གར་གྱི་ཁྱིམ་མཚེས་ཤི་རི་ལང་ཀའི་གྲུ་ཁར་བཀག་པ།


རྒྱ་ནག་གི་དམག་གྲུའི་རིགས་ཤི་རི་ལང་ཀའི་གྲུ་ཁར་བབས་ཚུགས་ཡང་ཡང་བྱེད་པའི་གནས་ཚུལ་ལ། རྒྱ་གར་གཞུང་གིས་བློ་འཚབ་ཡོད་ལུགས་བརྗོད་པར་མ་བལྟོས་པར། ཁྱིམ་མཚེས་ཡུལ་གྲུ་ཤི་རི་ལང་ཀས་ཡང་བསྐྱར་རྒྱ་ནག་གི་མཚོ་འོག་དམག་གྲུ་གཅིག་དང་། རྒྱུན་ལྡན་གྱི་དམག་གྲུ་གཅིག་རང་གི་གྲུ་ཁར་བབས་ཚུགས་བྱེད་དུ་བཅུག་ཡོད་པ་རེད། ཤི་རི་ལང་ཀའི་མཚོ་དམག་གི་མགྲིན་ཚབ་པ་ཀཽ་སཱ་ལ་ ཝར་ནཱ་ཀུ་ལཱ་སུརི་ཡཱ་ཡིས། འདི་ནི། རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཞིག་མ་རེད། སྤྱི་ལོ་ཉིས་སྟོང་བཅུའི་ལོ་ནས་བཟུང་། རྒྱལ་ཁབ་འདྲ་མིན་གྱི་དམག་གྲུ་ཁྱོན་ཉིས་བརྒྱ་སུམ་ཅུ་སྐོར་ཙམ་ཞིག མཛའ་མཐུན་གྱི་རྣམ་པ་མཚོན་ཆེད་དང་། སྣུམ་བླུགས་རྒྱུ་དང་། དེ་བཞིན། དམག་གྲུའི་ལས་བྱེད་རྣམས་ངལ་གསོ་རྒྱག་རྒྱུ་བཅས་ཀྱི་ཆེད་དུ། ང་ཚོའི་གྲུ་ཁར་བབས་ཚུགས་བྱས་ཡོག་རེད་ཅེས་བརྗོད་ཡོད་འདུག འོན་ཀྱང་། ད་རེས་ཀྱི་འདི་ནི། ཉེ་དུས་སྤྱི་ཟླ་དགུ་པར་རྒྱ་ནག་གི་མཚོ་འོག་དམག་གྲུ་གཅིག་ ཤི་རི་ལང་ཀའི་གྲུ་ཁར་བཀག་པའི་གནས་ཚུལ་ཐོག་མ་བྱུང་བའི་སྐབས། རྒྱ་གར་གཞུང་གིས་དེའི་ཐད་བློ་འཚབ་ཡོད་ལུགས་ཤི་རི་ལང་ཀའི་གཞུང་ལ་ཐད་ཀར་བརྗོད་པའི་རྗེས་སུ། ད་རེས་ཡང་བསྐྱར་གནས་ཚུལ་འདི་བྱུང་བ་ཞིག་ཡིན་པ་རེད།།

XS
SM
MD
LG