ངོ་འཕྲད་བདེ་བའི་དྲ་འབྲེལ།

དེང་སྐབས་ཨི་རཀ་དང་སི་རི་ཡའི་ས་གནས་ཁག་ཅིག་ལ་དབང་སྒྱུར་བྱེད་ཡོད་པའི་ཁ་ཆེའི་རྒྱལ་འཛུགས་ཚོགས་པར་ཁྱོན་བསྡོམས་འཐབ་མོ་བ་༡༥༠༠༠་ལྷག་ཡོད་ཅིང་། ཁོང་ཚོ་ཨ་མི་རི་ཀ་དང་ཡུ་རོབ། དཀྱིལ་ཤར་ས་ཁུལ་དང་ཨ་ཧྥི་རི་ཀ་བཅས་འཛམ་གླིང་གི་རྒྱལ་ཁབ་༨༠་ལྷག་ནས་ཡོང་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་སྙན་ཐོ་ཞིག་ལ་འཁོད་པ་ལྟར་ན། སྔོན་ཆད་ཨལ་ཁེ་དྷ་སྒྲིག་འཛུགས་སོགས་འཇིགས་སྐུལ་རིང་ལུགས་པའི་ཚོགས་སྡེ་ཁག་གིས་ཟིང་འཁྲུག་བསླངས་མྱོང་མེད་པའི་རྒྱལ་ཁབ་ཁག་ལའང་ད་ལྟ་ཁ་ཆེའི་རྒྱལ་འཛུགས་ཚོགས་པའི་ཡན་ལག་སྒྲིག་འཛུགས་ཀྱི་རྩ་བ་ཚུགས་ཏེ། རྒྱལ་ཁབ་དེ་དག་གི་འཐབ་མོ་བ་རྣམས་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་སྡེབ་སྐྱོད་བྱེད་ཀྱི་ཡོད་པ་མ་ཟད། ཁོང་ཚོ་ཁ་ཆེའི་རྒྱལ་འཛུགས་ཚོགས་པ་ཟེར་པའི་དྲག་སྤྱོད་པའི་སྒྲིག་འཛུགས་དེའི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པས། འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་ལ་འཛམ་གླིང་གི་ཁ་ཆེ་དྲག་སྤྱོད་པ་རྣམས་ཕྱོགས་གཅིག་ལ་འདུས་པའི་གྲངས་འབོར་དང་། ཕྱི་ལོ་༢༠༡༠་ནས་རྒྱལ་སྤྱིའི་ཁ་ཆེ་དྲག་སྤྱོད་པ་རྣམས་ཕྱོགས་གཅིག་ལ་འདུས་པའི་གྲངས་འབོར་གཉིས་བསྡུར་ན་ཁ་ཆེའི་རྒྱལ་འཛུགས་ཚོགས་པའི་ཁོངས་སུ་འདུས་པའི་འཐབ་མོ་ལྡབ་འགའ་ཞིག་མང་བ་འདུག་ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་དེར་འཁོད་འདུག

XS
SM
MD
LG