ཉི་ཧོང་གིས་ད་རིང་ནས་འགོ་བཙུགས་ཏེ་ཨ་རིའི་དཔུང་དམག་དང་མཉམ་དུ་ཉི་ཧོང་གི་བྱང་ཕྱོགས་མཚོ་གླིང་ཧོ་ཀཡེ་གྲོ་ཞེས་པའི་ནང་དམག་སྦྱོང་བྱ་རྒྱུ་ཡིན་པ་རེད། ཡང་ཉིན་གྲངས་གཅིག་གིས་སྔོན་དུ་ཉི་ཧོང་གི་ཨུ་རུ་སུའི་མཉམ་དུ་ཨུ་རུ་སུའི་གྲོང་ཁྱེར་ཝེ་ལ་གྲི་ཝོས་ཀྲོག་མཚོ་ཁར་ཉི་ཧོང་གིས་མཚོ་དམག་དང་། ཨུ་རུ་སུའི་མཚོ་དམག་གཉིས་དྲག་པོའི་སྦྱོང་བརྡར་བྱས་ཡོད་པ་རེད།། དམག་སྦྱོང་དེ་གཉིས་ཀྱི་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་སྦེ་མཆོག་གིས་ཨུ་རུ་སུ་དང་མཉམ་དུ་འབྲེལ་བ་བཟང་དུ་གཏོང་ཐབས་དང་། ཡང་ཨ་རི་དང་མཉམ༌དུ་མཐུན་ཕྱོགས་ཀྱི་འབྲེལ་ལམ་ཡོད་པ་དེ་བཞིན་སྔར་ལས་ལྷག་པ་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ཐབས་བྱུས་ཤིག་ཡིན་པ་གསལ་སྟོན་བྱེད་ཀྱི་ཡོད་པ་རེད།། གོང་གསལ་དྲག་པོའི་སྟོབསཤུགས་ཆེ་བའི་རྒྱལ་ཁབ་གཉིས་དང་དྲག་པོའི་དཔུང་དམག་གི་འབྲེལ་བ་གནས་ཐབས་ནི་རྒྱ་སྐྱེད་བྱེད་བཞིན་པའི་རྒྱ་ནག་གིས་དབང༌ཤུགས་ལ་གདོང་ལེན་བྱ་རྒྱུའི་ཆེད༌དུ་ཡིན་པ་སྲིད་དོན་དཔྱད་ཞིབ་པ་ཚོས་དབྱེ་ཞིབ་རྗོད་ཀྱི་ཡོད་པ་རེད།།