ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་དམ་དྲག་སྲིད་ཇུས་འོག་ཏུ་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་བ་ཡོང་རྒྱུ་ཇེ་ཉུང་།


ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པ་ཨེན་གྷོ་ཝན་བཞུགས་སྒར་རྡ་རམ་ས་ལར་ཆེད་བསྐྱོད་ཀྱིས་བོད་པ་དང་འབྲེལ་བའི་གནས་ཚུལ་རིང་པོ་ཞིག་ཆེད་སྤེལ་བྱས་ཡོད་ཅིང་། ད་རེས་ཀྱི་གསར་འགྱུར་དེའི་ནང་དུ་རྒྱ་ནག་གཞུང་གིས་བོད་ལ་དམ་དྲག་ཇེ་ཆེར་བཏང་བའི་རྐྱེན་གྱིས་ཉེ་བའི་ལོ་ཤས་ནང་དུ་བལ་ཡུལ་བརྒྱུད་ནས་བོད་པ་སྐྱབས་བཅོལ་བ་ཚོ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་ཐུབ་ཀྱི་མེད་པའི་འགྲེལ་བརྗོད་བྱས་འདུག གསར་འགོད་པ་དེས་གོང་ཞུས་ཀྱི་གནད་དོན་དང་གཞན་ཡང་རྒྱལ་ཚོགས་དང་ཨ་རིའི་གྲོས་ཚོགས་ཀྱི་སུ་བོད་པར་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྡལ་བཤིག་བཏང་དང་གཏོང་བཞིན་ཡོད་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་ཡང་བཀོད་ཡོད་པ་རེད།།

XS
SM
MD
LG