ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

ཨོ་སི་ཀྲེ་ལི་ཡའི་ནང་སྐྱེས་པའི་རོ་ཧིན་གྷའི་ཕྲུ་གུ་མ་འབྱར་ཞིག་ལ་སྐྱབས་བཅོལ་དཀའ་ངལ།


ཨོ་སི་ཀྲེ་ལི་ཡའི་ནང་། རོ་ཧིན་གྷ་གྲངས་ཉུང་མི་རིགས་ཡིན་པའི་ ཕ་མ་གཉིས་ཀྱི་ཕྲུ་གུ་མ་འབྱར་ཡུལ་དེའི་ནང་སྐྱེས་པ་ཞིག་ལ་སྐྱབས་བཅོལ་བའི་གནས་བབས་ཞུ་ཐབས་བྱེད་ཀྱི་ཡོད་པར། ཕྱི་ཟླ་བཅུ་པའི་ཚེས་༡༤་ཉིན་ ཨོ་སི་ཀྲེ་ལི་ཡའི་དབུས་གཞུང་གི་ཁྲིམས་ཁང་ཞིག་གིས། ཕྲུ་གུ་མ་འབྱར་དེ་ གྲུ་གཟིངས་ཀྱི་བརྒྱུད་ནས་འབྱོར་ཡོད་མེད་ཁྲིམས་ཐོག་ནས་ཐག་གཅོད་བྱ་རྒྱུར་ བསམ་ཞིབ་བྱེད་བཞིན་ཡོད་པ་དང་། སྔ་ལོ་ཕྲུ་གུ་དེའི་ཨ་མ་སྦྲུམ་མ་ཡིན་པའི་ རྐྱེན་གྱིས། གྲུ་ཐོག་ནས་འབྱོར་བ་རྣམས་དོ་དམ་བཀག་ཉར་བྱ་ཡུལ་ཞིག་ནས་ ཡུལ་དེའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ Brisbane ནང་གི་སྨན་ཁང་ཞིག་ལ་བསྐྱལ་ བའིོ་རྗེས། ཕྲུ་གུ་དེ་སྐྱེ་མ་རན་གོང་དུ་སྐྱེས་པ་ཡིན་པ་རེད།

ཨོ་སི་ཀྲེ་ལི་ཡའི་གཞུང་གིས། ཕྲུ་གུ་དེ་ཁྲིམས་དང་མ་མཐུན་པའི་སྒོ་ནས་ ཡུལ་དེའི་ནང་འབྱོར་བ་ཞིག་ཡིན་པའི་ཆ་ནས། ཕྲུ་གུ་མ་འབྱར་དེ་ལ་སྐྱབས་ བཅོལ་བའི་གནས་བབས་ཞུ་ཐབས་ཀྱི་སྙན་ཞུར་ངོས་ལེན་མ་བྱས་པ་ཡིན་པར་ བརྟེན། ཁྲིམས་རྩོད་པ་རྣམས་ཀྱིས། ཨོ་སི་ཀྲེ་ལི་ཡའི་སྨན་ཁང་ཞིག་གི་ནང་ དུ་སྐྱེས་པའི་ཕྲུ་གུ་ཞིག་མཚོ་ཐོག་ནས་གང་འདྲ་བྱས་ཏེ་འབྱོར་སྲིད་མིན་གྱི་ གནད་དོན་ཐད། རྩོད་གླེང་བྱེད་ཀྱི་ཡོད་པ་ཡིན་པ་རེད།

XS
SM
MD
LG