ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ལྷོ་ཕྱོཌ་ནས་བྱང་ཕྱོཌ་ཀྱི་ཞིང་ཆེན་ཁག་ལ་ཆུ་འདྲེན་གཏོང་བྱེད་ཀྱི་ཡོད་པ།


ཟླ་བ་འདིའི་ཟླ་མཇུག་ནས་བཟུང་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ཆུ་ཀ་ལའི་ཆུ་རྣམས་རྒྱང་ཚད་ཀི་ལོ་མི་ཀྲར་༡༤༠༠ལྷག་ནས་ཆུ་ཡུར་དང་ལྕཌ་མདོང་གི་བརྒྱུད་ནས་དྲངས་པའི་ཆུ་ཆགས་ཀྱི་ཡོད་ཅིང་། པེ་ཅིང་ལ་ཆུ་འདྲེན་བྱེད་པའི་ལས་འཆར་དེ་ནི་འཛམ་གླིང་ནང་ཆུ་འདྲེན་པའི་ལས་འཆར་གཞི་རྒྱ་ཆེ་ཤོས་ཀྱི་གྲལ་ཡིན་པ་དང་། ཨ་སྒོར་ཐེར་འབུམ་༦༢གནས་པའི་ལས་འཆར་དེ་ནི་རྒྱ་ནག་གི་དེ་སྔའི་འགོ་འཁྲིད་མའོ་ཚེ་ཐུང་གིས་ཕྱི་ལོ་༡༩༥༠ཐམ་པའི་ལོར་འཐུང་ཆུ་དཀོན་པ་དང་། ཁོར་ཡུག་གི་གནས་སྟངས་ཞན་པའི་རྒྱ་ནག་བྱང་ཕྱོཌ་ཁུལ་གྱི་མི་མང་དུང་ཕྱུར་གསུམ་དང་། བཟོ་ལས་ཁག་ལ་མཁོ་བའི་ཆུ་འདྲེན་བྱ་རྒྱུར་བཏིང་བའི་ལས་འཆར་ཆེན་པོ་ཞིག་གི་ཆ་ཤས་ཤིག་ཡིན་ཞིང་། འཛམ་གླིང་གི་ཁེ་གཉེར་ཁང་ཁག་ལ་གྱོན་ཆས་དང་། བཟའ་ཆས། གློག་འགུལ་འཕྲུལ་ཆས་ཐེ་བའི་དངོས་ཟོག་མང་པོ་ཞིག་མཁོ་འདོན་བྱེད་མཁན་རྒྱ་ནག་གི་བཟོ་གྲ་དེ་ཚོའི་ཆེད་དུ་ས་ཐག་རིང་པོ་ནས་ཆུ་འདྲེན་གཏོང་བྱེད་པའི་ལས་འཆར་དེ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་བྱང་ཕྱོགས་ཀྱི་ཞིང་ཆེན་ཁ་ཤས་ཀྱི་ནང་དཀྱིལ་ཤར་མངའ་ཁུལ་གྱི་རྒྱལ་ཁབ་ཚོ་ལས་ཆུ་དཀོན་པ་ཡོད་པ་སོགས་ཀྱི་སྐོར།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG