ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁ་ཆེ་རྒྱལ་འཛུགས་དྲག་སྤྱོད་པར་མཁའ་ཐོག་ནས་གཏོར་རྒོལ་མུ་མཐུད་གཏོང་བཞིན་པ།


རེས་གཟའ་མིག་དམར་ཉིན་ཨ་རིས་སྣེ་ཁྲིད་པའི་མནའ་མཐུན་གྱིས་ཨའི་སེས་ཟེར་བའི་ཁ་ཆེ་དྲག་སྤྱོད་རུ་ཚོགས་ཀྱི་་རྟེན་གཞིར་མཁའ་ཐོག་ནས་གཏོར་རྒོལ་ཤུགས་ཆེ་བྱས་ནས་སི་རི་ཡ་དང་ཏུར་ཀིའི་ས་མཚམས་གྲོང་ཁྱེར་ཁོ་བྷ་ནེ་དྲག་སྤྱོད་རུ་ཚོགས་ཀྱི་ལག་འོག་མི་ཤོར་བའི་འབད་བརྩོན་བྱེད་བཞིན་ཡོད་འདུག་པ་དང་། དེ་ཡང་རེས་གཟའ་ཟླ་བའི་ཉིན་ཁ་ཆེ་དྲག་སྤྱོད་རུ་ཚོགས་པ་ཚོས་ཁོ་བྷ་ནེའི་འགག་སྒོར་སྒྲིག་འཛུགས་དེའི་དར་སྒྲེང་འཛུགས་བྱས་རྗེས་མཁའ་ཐོག་ནས་གཏོར་རྒོལ་གཏོང་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་པ་རེད། གྲོང་ཁྱེར་ཁོ་བྷ་ནེར་ཡོད་པའི་ཀུར་ཌ་མི་རིགས་སྲུང་སྐྱོབ་ཅེས་པའི་འབྲེལ་མཐུད་པ་མོ་ཧ་མཏ་ ཨ་ལིས་བརྗོད་དོན་ལ་ རེས་གཟའ་མིག་དམར་ཉིན་གྲོང་ཁྱེར་ནང་མུ་མཐུད་དྲག་འཐབ་ཡོང་གི་འདུག་པ་དང་། མཁའ་ཐོག་ནས་གཏོར་རྒོལ་བྱས་པ་དེས་ཕན་ཐོགས་ཡོང་གི་འདུག་ཀྱང་། གོ་ལག་སོགས་ནུས་པ་ཆེ་བའི་ཁ་ཆེ་དྲག་སྤྱོད་རུ་ཚོགས་ཀྱི་དཔུང་དམག་ཕམ་ཉེས་གཏོང་རྒྱུར་ད་ལྟའང་ཚད་དང་ལྡན་པའི་ནུས་པ་ཐོན་གྱི་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག ཏུར་ཀི་ནི་མངའ་ཁུལ་དེའི་ནང་དམག་མི་དང་གོ་ལག་སོགས་གང་ཅིར་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་མ་ཟད། ཏུར་ཀི་གཞུང་གིས་གྲོང་ཁྱེར་ཁོ་བྷ་ནེ་ཁ་ཆེ་དྲག་སྤྱོད་རུ་ཚོགས་ཀྱི་ལག་འོག་ཏུ་ཚུད་པའི་ཐབས་སུ་ནུས་པ་གང་ཡོད་འདོན་གྱི་ཡིན་ཞེས་ཁས་ལེན་བྱས་ཡོད་ནའང་། དྲག་པོའི་འགོག་རྒོལ་བྱ་རྒྱུར་ཀྲར་ཀོ་གཞུང་གིས་ཐེ་ཚོམ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG