ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལྷོ་བྱང་ཀོ་རི་ཡས་གྲོས་མོལ་སླར་གསོ་བྱ་རྒྱུར་མོས་མཐུན་བྱས་ཡོད་པ།


འདི་ལོའི་ཕྱི་ཟླ་གཉིས་པ་ནས་བཟུང་། མཚམས་འཇོག་བྱུང་པའི་ལྷོ་བྱང་ ཀོ་རི་ཡའི་གྲོས་མོལ་བྱེད་སྒོ་ཁག་སླར་གསོ་བྱ་རྒྱུར་ཕྱོགས་གཉིས་ཐད་ནས་མོས་ མཐུན་བྱས་པ་ཡིན་ལུགས་ལྷོ་ཀོ་རི་ཡས་རྗོད་ཀྱི་ཡོད་པའི་སྐོར་གྱི་གནས་ཚུལ་ ཐོན་ཡོད་པ་དང་། གོང་ཞུས་ཀྱི་གྲོས་མཐུན་དེ་ནི། ཨེ་ཤི་ཡའི་ཡུལ་ཁག་གི་ རྩེད་འགྲན་མཇུག་བསྡོམས་ཀྱི་མཛད་སྒོའི་ནང་མཉམ་ཞུགས་བྱ་རྒྱུའི་ཆེད་དུ་ བྱང་ཀོ་རིཡའི་གཞུང་འབྲེལ་མི་སྣ་རྣམས་ཀྱིས་གློ་བུར་དུ་་གཟིགས་བསྐོར་གནང་ པའི་སྐབས་སུ་བྱུང་པ་ཞིག་ཡིན་པ་དང་། སྲིད་འཛིན་ Kim Jong-Un གྱི་ སྐུ་བཅར་ལས་རོགས་གཙོ་བོ་གཉིས་ཀྱིས་སྣེ་ཁྲིད་བྱས་པའི་བྱང་ཀོ་རི་ཡའི་ གཞུང་འབྲེལ་མི་སྣ་རྣམས་དང་ལྷོ་ཀོ་རི་ཡའི་མཐོ་རིམ་གཞུང་འབྲེལ་མི་སྣ་རྣམས་ཀྱིས་རིང་མིན་གཟའ་འཁོར་འགའ་ཞིག་གི་ནང་ཚུད་བསྐྱར་དུ་ལྷན་ཚོགས་ བྱ་རྒྱུར་མོས་མཐུན་བྱས་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་ གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ ཞིག་གསན་གྱི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG