ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་ཚོས་ཞི་བདེའི་ལྷན་ཚོགས་ཕྱིར་འཐེན་གནང་བར་དགའ་བསུ།


རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐོངས་མཆན་མ་འབུལ་བའི་རྐྱེན་གྱིས་ད་ལོའི་ནོ་བེལ་ཞི་བདེའི་ལྷན་ཚོགས་དེ་ལྷོ་ཨ་ཧྥི་རི་ཀའི་ཀེབ་ཊའོན་གྲོང་ཁྱེར་དུ་ཚོགས་རྒྱུ་ཕྱིར་འཐེན་གནང་ཡོད་ཅིང་། ཚོགས་འདུ་ཕྱིར་འཐེན་བྱས་པ་དེར་བཞུགས་སྒར་ཁུལ་གྱི་བོད་པ་ཚོས་དགའ་བསུ་ཞུ་བཞིན་ཡོད་པ་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་༡༤་ཙམ་གྱིས་ལྷོ་ཨ་ཧྥི་རི་ཀའི་གནང་ཕྱོགས་ལ་སྐྱོན་བརྗོད་གནང་བ་མ་ཟད། ༧གོང་ས་མཆོག་ལ་ཐོངས་མཆན་མ་འབུལ་ཚེ་ལྷོ་ཨ་ཧྥི་རི་ཀར་ཞི་བདེའི་ལྷན་ཚོགས་དེ་ཚོགས་རྒྱུ་མིན་པའི་ཞུ་ཡིག་ཕུལ་བ་སོགས་ལ་བོད་པ་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG