ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འབྲི་རུའི་གྲྭ་བཙུན་ཚང་མ་འབོད་བཀུགས་བྱས་ནས་རྒྱལ་གཅེས་སློབ་གཏོང་་སྤེལ་བཞིན་པ།


ཁམས་སྨད་ཕྱོགས་སུ་སློབ་གཉེར་བྱེད་བཞིན་པའི་འབྲི་རུ་རྫོང་གི་གྲྭ་བཙུན་ཚང་མང་རྫོང་དེར་ཡར་འབོད་འགུགས་བྱེད་པའི་ལས་དོན་མཇུག་སྒྲིལ་བ་དང་ད་ལྟ་ཁོང་ཚོར་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་གཏོང་བཞིན་ཡོད་པ་རེད། དེ་བཞིན་ད་ལྟ་འབྲི་རུ་རྫོང་ནི་བོད་ཀྱི་ས་ཁུལ་ཡོངས་ནས་ཝེ་ཡིས་ཤིང་ཟེར་བའི་ཆ་འཕྲིན་གྱི་བརྒྱུད་ལམ་རྩ་བ་ནས་མེད་པ་བཟོས་པའི་ས་ཁུལ་གཅིག་བུ་དེ་ཆགས་ཡོད་པ་ས་གནས་དེའི་མི་ཡིས་ངོས་འཛིན་བྱེད་ཀྱི་འདུག དེའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG