ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་གི་ཁོར་ཡུག་རྩ་གཏོར་གྱི་ལས་འགུལ་སྤེལ་པ།


མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཡོད་པའི་ས་ཁུལ་སོ་སོར་ཟླ་བ་གཅིག་གི་རིང་ལ་ནང་དོན་མི་ལེགས་པ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་འགལ་བའི་འཇིགས་སྐུལ་དང་རྩུབ་སྤྱོད། རྨོངས་དད་འདུས་པའི་དཔེ་དེབ་དང་འོད་སྡེར་ལ་བཙན་ཤེད་ཀྱིས་སྒོ་ནས་གཙང་སེལ་བཟོ་རྒྱུ་དང་། འབྲེལ་ཡོད་ཉེས་ཅན་པ་ཚོར་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག ཅིང་། ལྷག་པར་དུ་སློབ་གྲྭ་ཆུང་འབྲིང་གི་ཉེ་འཁོར་གྱི་ཚོང་རྭ་ཁག་ལ་ཞིབ་བཤེར་ནན་མོ་བྱས་ནས་ན་གཞོན་སློབ་མ་ཚོའི་བསམ་བློ་དང་སེམས་ཁམས་ལ་གནོད་པ་མི་ཐེབས་པར་བཟོས་ཏེ་རིག་གནས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་བརྗོད་འདུག་པ་མ་ཟད། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་སྲིད་ཇུས་འདིའི་མིང་ལ་༼འཆལ་ཕྱགས་འགལ་རྡུང་༽ཞེས་བཏགས་ཡོད་པ་སོགས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

XS
SM
MD
LG