ངོ་འཕྲད་བདེ་བའི་དྲ་འབྲེལ།

གངས་རིའི་བྲག་ཅ།

འབྲོག་པ་གནས་སྤོ་མཇུག་བསྒྲིལ་བཞིན་པ་དང་མཉམ་ལས་ནང་འཛུལ་རྒྱུར་སྐུལ་འདེད་གཏོང་བ།


བོད་རང་སྐྱོངས་ལྗོངས་ཀྱིས་སྤྱི་ལོ་༢༠༡༣་ལོའི་ལོ་མཇུག་ཏུ་ཞིང་འབྲོག་པ་ གནས་སྤོའི་ལས་གཞི་མཇུག་བསྒྲིལ་ཡོད་པའི་གནས་ཚུལ་ཁ་སང་ཚེས་༢༤་ ཉིན་ཐོན་པ་དང་མཚོ་སྔོན་ཞིང་ཆེན་གྱིས་ལོ་འདིའི་ནང་མཇུག་སྒྲིལ་རྒྱུ་ ཡིན་པའི་སྐབས་འདིར། ད་ལྟ་བོད་ཀྱི་འབྲོག་པ་རྣམས་མཉམ་ལས་ཟེར་ བའི་ནང་ཞུགས་དགོས་པ་གཞུང་འབྲེལ་མི་སྣས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། གངས་རིའི་བྲག་ཅའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ལྟར་ན།  བོད་ཕྱི་ནང་གི་བོད་མི་མང་པོས་སེམས་འཚབ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG