ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩
ཕ་ཡུལ་གླེང་སྟེགས།

ཁམས་ནང་ཆེན་ཁུལ་གྱི་མི་༡༦རིམ་པས་གློད་བཀྲོལ་བཏང་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་ ཁམས་ནང་ཆེན་གྱི་ཇ་པ་དགོན་པའི་མཁན་པོ་ཀར་ཚེ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རྗེས་མཁན་པོ་གློད་དགོས་ལུགས་ས་གནས་ཀྱི་མང་ཚོགས་ཀྱིས་སྐད་འབོད་བྱེད་པའི་སྐབས་འཇུ་བཟུང་བྱས་པའི་མི་༡༦རིམ་པས་གློད་བཀྲོལ་བཏང་ཡོད་པའི་སྐོར་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ལ་གསུངས་པ་ངོ་སྤྲོད་དང་ དེ་སྔ་ནང་ཆེན་ཇ་པ་དགོན་པ་ནས་ཡིན་པ་མཁན་པོ་ཀར་བསྟན་ལགས་ཀྱིས་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་པའི་མཁན་པོ་ཀར་ཚེ་ནི་ས་གནས་མང་ཚོགས་ཀྱིས་དད་གུས་ཆེན་པོ་ཞུ་ས་ཞིག་ཡིན་པ་ངོ་སྤྲོད་གནང་བ་སོགས་གསན་གནང་གི་རེད།

XS
SM
MD
LG