ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་བོད་མིའི་བར་གྱི་གླེང་མོལ་ཚོགས་འདུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཁྲིམས་ལུགས་འབྲེལ་མཐུད་ཚོགས་པའི་ཁྲིམས་རྩོད་པ་བཅུ་འཕྲད་འགའ་ཤས་དང་རྒྱལ་ས་ལྡི་ནང་གནས་བཞུགས་བོད་མི་ལས་འགུལ་བ་དང་སློབ་ཕྲུག་ ཚོགས་པ་ཁག་གི་འགོ་ཁྲིད་བཅས་ཀྱི་བར་བོད་དོན་ཐད་གླེང་མོལ་ཚོགས་འདུ་ཞིག་བྱུང་ཡོད་ཅིང། སྐབས་དེར་བོད་མི་དང་རྒྱ་གར་གྱི་ཁྲིམས་རྩོད་པའི་བར་ལ་བོད་ནང་གི་གནས་སྟངས་དང་བོད་ཀྱི་མ་འོངས་གནས་བབ་སོགས་ཀྱི་ཐད་ལ་བཀའ་མོལ་གནང་ཡོད་པ་རེད། ཁྲིམས་ལུགས་འབྲེལ་མཐུད་ཚོགས་པ་འདི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་ཞིག་ཡིན་པ་མ་ཟད་ བོད་མི་ཚོར་ཁྲིམས་ཀྱི་དཀའ་ངལ་བྱུང་ཚེ་རོགས་ཕན་གང་ཡོང་གནང་མཁན་ཞིག་ཡང་ཆགས་ཡོད་པ་རེད།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG